90226
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཀརྨ་སྙན་གྲགས་ཀྱི་ཞབས་ལ་བཏུད་ནས་གདམས་ངག་མང་དུ་ཞུས། ལྷ་ཚངས་པའི་སྐྱེ་བ་འགྲོ་དོན་སྤྱན་རས་གཟིགས་དང་མཉམ། གདུང་རྒྱུད་ཡོད་སྐབས་ལ། སྡོམ་བྲག་ཉིན་དགོན་དུ་ཡུལ་འདྲེ་དམ་ལ་བཏགས། མཛད་ཆོས། ད་ལྟ་མཇལ་དུ་ཡོད་པ་འབའ་རོམ་བཀའ་བརྒྱུད་དང་ནང་སོ་གཉིས་རི་ཁག་བཅོ་བརྒྱད་གྱི་བྱུང་བ་གསལ་བར་བྱེད་པ་སྔོན་མེད་གསར་པའི་རྣམ་ཐར་འདི་ནི་ངག་གི་གཟུགས་བརྙན་དབང་བོའི་ལྕགས་ཀྱུ་ཞེས་པ་ཞིག་ཡོད། མིང་གཞན་ཤོར་ཕུ་གསེར་འཕྲེང་ཡང་ཟེར། འདི་ནི་ནང་ཆེན་རྒྱལ་པོ་གོ་ཤྲཱི་ཀརྨ་རབ་བརྟན་གྱི་སྲས་པོ་བཀྲ་ཤིས་དར་མ་བསྟན་སྲུང་གིས་བསྐུལ་མ་མཛད་ནས་རབ་བྱུང་བཅུ་གཅིག་པའི་ཤིང་ཕོ་བྱི་ཕྱི་ལོ་ ༡༦༨༤ ལོར་བརྩམས་གནང་། འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་རྙིང་ཤོས་དང་སྒོམ་སྡེ་ནང་ཆེན་པའི་ལོ་རྒྱུས་གཞི་བཅོལ་ས་གཙོ་བོ་ཡིན། བརྩམས་ནས་ལོ་འཁོར་གསུམ་བརྒྱ་སུམ་བཅུ་ཙམ་སོང་། ཁོང་ནི་རབ་བྱུང་བཅུ་གཅིག་པའི་ནང་ཙམ་ལ་བྱོན། |
{{#arraymap:ཤོར་ཕུ་ཀརྨ་རབ་གསལ་
|; |@@@ | | }}