90228
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ལྕི་རས་རིན་ཆེན་རྒྱལ་མཚན་མཆོག་ནི། ཨ་ཕྱུག་གི་སྲས་སུ་འཁྲུངས། བྱང་ཆུབ་གཞོན་ནུ་ལས་རབ་ཏུ་བྱུང༌། བློ་གྲོས་རྡོ་རྗེ་ལས་ཕྱི་ནང་གི་གདམས་པ་ཐམས་ཅད་རྫོགས་པར་གསན། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དཔོན་སློབ་ལྷན་ཅིག་པར་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའི་ཞབས་དྲུང་དུ་ཕག་མོ་ལ་སོགས་པའི་གདམས་པ་ཞུས། དབ་ཀྱི་ཇོ་མོ་གཡུ་སྒྲོན་སོགས་སུ་གཅིག་རི་ཡུན་རིང་དུ་མཛད། གྲུབ་པ་བརྙེས། ངོ་མཚར་བའི་ལྟས་དང་བཅས་ཏེ་གཤེགས། རབ་བྱུང་ལྔ་པའི་ནང་ཙམ་ལ་བྱོན། དེའི་དབོན་ཤེས་རབ་རིན་ཆེན་ནི། ཁུ་བོ་ལ་གདམས་པ་ཐམས་ཅད་རྫོགས་པར་གསན། ཀརྨ་པ་རོལ་པའི་རྡོ་རྗེའི་མདུན་དུ་བསྙེན་པར་རྫོགས། ཤོར་ཕུའི་རི་པ་ནང་ཀ་ཡེ་གྲུ་གུ་སོགས་སུ་གཅིག་རི་ལོ་མང་པོར་མཛད། མཆོག་གི་དངོས་གྲུབ་བརྙེས། གྲུ་གུ་སོགས་གཞི་བདག་མང་པོ་དམ་ལ་འདོགས་པར་མཛད། དེ་ཕྱིན་ཆད་ནས་ཤོར་ཕུ་བ་ཞེས་པའི་མཚན་དུ་གྲགས། གྲུ་གུའི་ཞོར་དུ་གཤེགས། རྟེན་རེིང་བསྲེལ་མང་དུ་བྱོན། དེའི་དབོན་པོ་ ཤེས་རབ་རྒྱལ་མཚན་སོགས་ནས་བརྒྱུད་པ་མ་ཉམས་པར་ད་ལྟ་བར་བྱོན་པ་སྟེ་ཤོར་ཕུ་པའི་སྐབས་སོ། ། |
{{#arraymap:ཤོར་ཕུ་བཀའ་བརྒྱུད་
|; |@@@ | | }}