90229

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོར་བ་ (1)
Part of speech མིང་ཚིག
Definition འཆིང་སྡོམ་ལས་ཐར་བ་སོགས་ཀྱི་དོན་གྱི་བྱ་མིང།
Example རྒྱུ་ནོར་མང་པོ་ཤོར་བ། མངལ་གྱི་ཕྲུ་གུ་ཤོར་བ་ཞེས་པ་ལྟ་བུ།
ཤོར་བ་ (2)
Part of speech མིང་ཚིག
Definition བཀྲབས་པའམ་འདམས་པའི་དོན་ཏེ། བརྡ་ཡིག་རེག་གཟིགས་གསར་བུའི་ཉེར་མཁོ་ལས། ཤོར་བ་ཞེས་པ་བཀྲབས་པའི་མིང༌ཞེས་དང། དྲན་པ་བཀའ་ཐང་ལས། དེ་ཚེ་བདུད་ཀྱི་ཤོར་བ་རྐྱ་དྲུག་གིས། །གཤེན་ཡུལ་ལྷ་གནས་གཤེན་གྱི་རྟ་བདུན་བརྐུས། །ཞེས་པ་ལྟ་བུ་མང་པོའི་གྲས་ནས་འདམས་པའི་དོན་ཞེས་གསུངས།
Type བརྡ་རྙིང་།