90261
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རི་སྐྱེས་སྲོག་ཆགས་ཤིག་སྟེ། གཟུགས་ཅུང་ཆེ་ཞིང་། སྤུ་མདོག་ཁམ་ནག་ཡིན་པ་དང་། སོག་པའི་མགོ་དང་འཕོངས་གཉིས་ཀྱི་མཐོ་དམའ་མཉམ་ཞིང་སུག་བཞི་དྲང་ལ་རིང་བའི་རྨིག་པ་ཆེན་པོ་ཡོད། རྣ་བ་གཉིས་ཆེ་ཞིང་སྤུ་མདོག་དཀར་པོ། སྐེ་སྦོམ་ལ་རིང་བའི་འོག་སྤུ་སེར་སྐྱ་མཐུག་ཅིང་གཞན་ལས་རིང་བ་དང་། བྲང་དང་གྲོ་གཞུང་ངམ་ལྟོ་བའི་འོག་གི་སྤུ་མདོག་དཀར་པོ་ཡིན་ལ་འཕོངས་ཀྱི་མཇུག་མ་སྐྱེ་མཚམས་སུ་སྤུ་མདོག་དཀར་པོའི་སྒོར་ཐིག་ཡོད། མཇུག་མ་སེར་སྐྱ་ཐུང་བ་དང་བརླ་ནང་གི་སྤུ་མདོག་ཀྱང་སེར་སྐྱ་ཡིན། ལོ་རེ་བཞིན་གྱི་བོད་ཟླ་ལང་པ་ཙམ་ལ་རྭ་གསར་སྐྱེ་བའི་ནམ་དུས་ཡིན་ཞིང་། ཐོག་མར་གསར་སྐྱེས་རྭ་གསར་ནི་སྤུ་ཁམ་སེར་གྱིས་བཏུམ་པའི་ནང་ཁྲག་གིས་གང་བ་དེ་ལ་རིམ་བཞིན་ཁ་དབྲག་ཁ་ཤས་གྱེས་ཏེ་རིམ་བཞིན་རྒས་ནས་ཐ་མ་དཀར་པོ་རུས་པ་འདྲ་བར་གྱུར་པར་ཤྭ་བའི་རྭ་རྒན་ཟེར། ཤྭ་བ་སྟོབས་བཟང་བ་རྣམས་བོད་ཟླ་བཅུ་གཅིག་གམ་བཅུ་གཉིས་ཙམ་ལ་བསྐྱུར་བ་དང་། སྟོབས་ཞན་པ་རྣམས་བོད་ཟླ་གཉིས་པའམ་གསུམ་པ་ཟམ་ལ་བསྐྱུར་ཏེ་བོད་ཟླ་ལྔ་པའི་ནང་གོང་སྨོས་བཞིན་ཡང་བསྐྱར་གསར་པ་སྐྱེ་བ་ཡིན། ཤྭ་བ་ཡུ་མོ་ལ་རྭ་མེད་ཅིང་མཛེས་མཚར་མིག་རྒྱན་དུ་ཕོ་ལ་མཁྲིས་པ་མེད་ཅེས་ཟེར་བ་དང་། ཤྭ་བ་ནི། ཚེ་རིང་པོར་འཚོ་ཞིང་མཐའ་མ་རྒས་ནས་ལུས་མདོག་དཀར་པོར་གྱུར་པ་ཡིན། རི་མཐོའི་ཤིང་ནགས་གསེབ་དང་། རྩྭ་ཐང་སོགས་ལ་གནས་པ་དང་། ཟས་སུ་རྩྭ་ལྡུམ་དང་ལྕུག་མའི་རིགས་ཤིང་ལོ་སོགས་ཟ་བ་མ་ཟད། བ་ཚྭ་ཅན་གྱི་ས་ལྡག་པར་དགའ་ཞིང་ཉིན་མོ་ཉལ་བར་དགའ། བོད་ཟླ་དགུ་པ་དང་བཅུ་པར་ཕོ་མོ་གཉིས་འཁྲིག་སྦྱོར་བྱེད་པའི་དུས་ཡིན་ཞིང་། མངལ་སྦྲུམ་ཡུན་ཚད་ཟླ་བརྒྱད་ཙམ་ཡིན། ཤྭ་ཕྲུག་གཅིག་ནས་གཉིས་བར་བཙའ་བ་ཡིན་ནོ། ། |
Keyword | True |
{{#arraymap:ཤྭ་བ་
|; |@@@ | | }}