90333
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤྲཱི་གུ་ཧྱ་གརྦྷ་བི་པུ་ལ་ཊཱི་ཀ དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་སྟེ། འདི་ནི་རྒྱ་གར་གྱི་སློབ་དཔོན་ཉི་མའི་སེངྒེའི་འོད་དམ་ཨཱཙཱརྻསཱུརྻསིཾཧཔྲབྷ་ཞེས་པས་མཛད་པ་ཡིན། རྒྱུད་རྒྱལ་གསང་བ་སྙིང་པོ་ལེའུ་ཉེར་གཉིས་པོའི་དོན་མཐའ་དག་བླ་མའི་མན་ངག་གིས་བཀྲལ་ཏེ་བཤད་པ་ཞིག་ཡིན། གཞུང་འདིའི་འགོར་རྣམ་འདྲེན་བཞི་པའི་མཛད་རྣམ་དང་འབྲེལ་ནས་རྡོ་རྗེ་ཐེག་པའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཇི་ལྟར་དར་ཚུལ་སྐོར་དང་། རྒྱུད་ཀྱི་སྤྱི་དོན་བཅས་བསྟན་པའི་མཐར། ཐེག་པ་གསུམ་ལུང་བཞུགས་པའི་ལེའུ་དང་པོའི་རྣམ་པར་བཤད་པ་ནས་ཡོངས་སུ་གཏད་པའི་ལེའུའི་བར་ལེའུ་ཉེར་གཉིས་སུ་བཞུགས། གཞུང་འདི་བོད་སྐད་དུ་ལོ་ཙཱ་བ་པདྨ་རུ་ཚེས་རྒྱ་གར་གྱི་མཁན་པོ་པྲསྦཏ་ལ་གསང་བའི་དབང་མནོས་ཏེ་བསྒྱུར་ཅེས་གཞུང་གི་མཛད་བྱང་དུ་གསལ། གང་ལྟར་ (དུས་རབས་ ༡༤–༡༥ བར?) བསྒྱུར་བ་འདྲ་སྟེ། ཚོད་དཔག་ཙམ་ལས་གཞུང་མཛད་པ་པོ་དང་སྒྱུར་བ་པོ་གཉིས་ཀའི་ལོ་རྒྱུས་གསལ་བའི་ཡིག་ཆ་ལག་སོན་མ་བྱུང་བས་དཔྱད་པར་བྱའོ། ། |