9036

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་མེད་པའི་དགེ་འདུན་ལྷག་མ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྷག་མ་བཅུ་གསུམ་གྱི་ནང་གསེས་ཤིག་སྟེ། གླེང་གཞི་ནི་རྒྱལ་པོའི་ཁབ་ཏུ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་གཞི་མེད་པར་སྦྱོར་བ་གསལ་པོའི་སྒོ་ནས་ཕམ་པས་སྐུར་བ་བཏབ་པ་ལས་དགེ་འདུན་ལྷག་མར་བཅས་སོ། །དགག་བྱ་ནི་སྡོམ་པ་ལ་སྐུར་བ་བཏབ་པའི་སྒོ་ནས་རང་རིགས་ཙམ་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་ལྟ་བ་རང་ཕྱོགས་ཡིན་ན་མཚན་མཐུན་རུང་མི་མཐུན་རུང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པའམ། ལྟ་བ་གཞན་ཕྱོགས་བསྙེན་རྫོགས་ཀྱི་སྡོམ་པ་ཕམ་པས་མ་གོས་པ་དང་ལྡན་པ་ལ་བསམ་པ་ཉམས་འདུན་གྱིས་སྦྱོར་བ་གསལ་པོས་ཕམ་པས་སྐུར་བ་བཏབ་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས། བཅས་ལྡན་དགེ་སློང་རང་བཞིན་དུ་གནས་པས་ཡུལ་དགེ་སློང་གཞན་ལ་སྐུར་བ་འདེབས་པའི་གཞི་མེད་བཞིན་དུ་ཕམ་པའི་སྒོ་ནས་སྐུར་བ་བཏབ་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། མདོ་རྩར། བརྫུན་སྨྲས་པས་སོ། །གང་ཡང་རུང་བ་ལ་གོ་བར་བྱས་ནས་སོ། །ཉམས་པར་འདུན་པས་སོ། །ཞེས་གསུངས་པའི་ཕྱིར། འདི་ནི་མཐོང་ཐོས་དོགས་གསུམ་གྱི་གཞི་མེད་བཞིན་དུ་བརྫུན་པའི་འདུ་ཤེས་ཀྱིས་སྨྲས་པས་བརྫུན་གྱི་ལྟུང་བ་ཡིན་ཞིང་ཕ་རོལ་པོས་ཚིག་དེའི་དོན་གོ་བ་ན་མཐར་ཐུག་གྲུབ་བོ། །ཕ་རོལ་པོ་ཡང་ཚིག་ཉན་པ་པོའི་གང་ཟག་གཞན་ལ་བྱ་ཡི། སྐུར་བ་འདེབས་ཡུལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །
Domain ཆོས་ལུགས།