9043
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དུས་འཁོར་དབང་བདུན་གྱི་དག་གཞི་ཆོས་ཉིད་དང་དག་འབྲས་རྡོ་རྗེ་བཞི་ལ་གཞི་འབྲས་སྦྱར་བའི་དག་པ་ཞེས་བརྗོད་དེ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐའི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། དེ་ཡང་ཆུ་དང་ཅོད་པན་གྱིས་ཆོས་ཉིད་ལུས་ཀྱི་ཐིག་ལེའི་སྟེང་དུ་མ་དག་གཟུགས་སྣང་གི་དྲི་མ་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད། དར་དཔྱངས་དང་དྲིལ་བུའི་དབང་གིས་ཆོས་ཉིད་གསུང་གི་ཐིག་ལེ་ལ་ཐ་མལ་ངག་གི་དྲི་མ་སྦྱངས་དག་པ་ཡེ་ཤེས་ཀྱི་གསུང་རྡོ་རྗེ་མངོན་དུ་བྱེད་པ་དང་། བརྟུལ་ཞུགས་དང་མིང་གི་དབང་བསྐུར་བས་ཆོས་ཉིད་སེམས་ཀྱི་ཐིག་ལེ་ལ་ཡིད་ཀུན་རྟོག་འཁྲུལ་པའི་དྲི་མ་སྦྱངས་ནས། དག་པ་ཡེ་ཤེས་ཀྱི་ཐུགས་རྡོ་རྗེ་མངོན་དུ་བྱེད་པ་དང་། རྗེས་གནང་འདོགས་བཅས་ཀྱི་དབང་བསྐུར་བས་ཆོས་ཉིད་ཡེ་ཤེས་ཀྱི་ཐིག་ལེ་ལ་འགྱུར་བདེའི་བག་ཆགས་ཀྱི་དྲི་མ་བཀྲུས་ནས་རྣམ་དག་ཡེ་ཤེས་རྡོ་རྗེའི་གོ་འཕང་མངོན་དུ་འགྱུར་བའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། །ཞེས་འབྱུང་ངོ་། ། |
| Domain | ཆོས་ལུགས། |