From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཡིག་གི་གསལ་བྱེད་ཉེར་བརྒྱད་པ་སྟེ། འདིའི་ང་རོ་འདོན་ཚུལ་ནི། སྐྱེ་གནས་སོ་དང༌རྐན། བྱེད་པ་ལྕེ་རྩེ་དང་ཤིན་ཏུ་ཉེ་ཞིང་དམ་པ། སྒྲི་འབྱིན་ཚུལ་ཤིན་ཏུ་ལྷོད་པ། མིང་གཞིའི་རྟགས་ཀྱི་དབྱེ་བའི་མོ་ཡིག་ཅིག
|
ས་ (2)
| Part of speech
|
མིང་ཚིག
|
| Definition
|
སའི་གོ་ལའི་དོན།
|
| Keyword
|
True
|
| Example
|
ས་ལྒང་ཧྲིལ་གྱིས་བསྐོར། ས་གནམ་བར་གྱི་མི་ལྟ་བུ།
|
ས་ (3)
| Part of speech
|
མིང་ཚིག
|
| Definition
|
རྩི་ཤིང་སོགས་འཚར་ལོངས་འབྱུང་སའི་རྒྱུ་སྐར་སའི་གོ་ལའི་སྐམ་སའི་རིམ་པ་ཕྱི་མ།
|
| Example
|
སའི་ཆགས་རིམ། ས་ཐོག ས་ངོས། ས་དབྱིབས་ལྟ་བུ།
|
ས་ (4)
| Part of speech
|
མིང་ཚིག
|
| Definition
|
འབྱུང་བ་བཞི་ལས་ས་སྟེ། སྲ་ཞིང་འཐས་པའི་བདག་ཉིད་ཅན།
|
| Example
|
ས་བྱེ། ས་རྡོག ས་ཕག ས་རྡོ། ས་དམར། ས་ཞིང་ལྟ་བུ།
|
ས་ (5)
| Part of speech
|
མིང་ཚིག
|
| Definition
|
ཡུལ་གྲུའམ་གནས་ཀྱི་དོན།
|
| Example
|
ངའི་ཕ་ས་དང་ཕ་ཡུལ། ས་ཆ་གང་ནས་ཡིན་ལྟ་བུ།
|
ས་ (6)
| Part of speech
|
མིང་ཚིག
|
| Definition
|
ས་བཅུ་ལམ་ལྔ་ལས་སའི་དོན་ཏེ། བྱང་སེམས་སློབ་ལམ་འཕགས་པའི་རྒྱུད་ཀྱི་ཡོན་ཏན་ནམ་མངོན་རྟོགས་ཁྱད་པར་བ་ཞིག།
|
| Example
|
ས་བཅུ་བར་གནས་པའི་བྱང་ཆུབ་སེམས་དཔའ། ས་བརྒྱད་པའི་ཤེས་སྒྲིབ་ལྟ་བུ།
|
| Domain
|
ཆོས་ལུགས།
|
ས་ (1)
| Part of speech
|
གྲོགས་ཚིག
|
| Definition
|
བྱ་བའི་ཡུལ་སྟོན་བྱེད་ཚིག་གྲོགས་ཤིག་སྟེ།
|
| Example
|
བཤད་ས། འགྲོ་ས། བལྟ་ས། གཉན་ས། སྐྲག་ས་ལྟ་བུ།
|
ས་ (2)
| Part of speech
|
གྲོགས་ཚིག
|
| Definition
|
ཆ་ཤས་ཁྱད་པར་པའི་དོན།
|
| Example
|
དཀར་ས། དམར་ས། འཇམ་ས། རྩུབ་ས། རིང་ས། ཐུང་ས། ཆེ་ས། ཆུང་ས་ལྟ་བུ།
|