90447

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཁ་དོག་ངན་པ་བཅུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ས་ཆུ་ཤིང་གི་དཔྱད་པ་ལས་བྱུང་བ་སྟེ། དཀར་པོ་བཀྲེན་པའི་མདོག་གིས་ནོར་མི་ཆགས། དམར་པོ་གྲི་མདོག་གིས་སྐྱེས་དར་གྲིར་འཆི། སེར་པོ་མཁྲིས་མདོག་གིས་གཅོང་ནད་དང་མཁལ་ནད་མང་། ནག་པོ་དམུ་ཆུའི་མདོག་གིས་སྐྲན་དང་དབུ་རྫིངས་ལྡང་། སྐྱ་བོ་ཐལ་མདོག་གིས་ཟས་བཅུད་ཆུང་། བ་ཚྭ་དང་བྱེ་མས་བུ་ཚ་ཐལ་མདོག་མང་། དཀར་དམར་འདྲེས་མས་ཡུལ་མི་ནང་མི་གཤིན། སེར་ནག་འདྲེས་མས་རིམས་ལྡང་། དཀར་ནག་གིས་ལྕེ་དིག་མང་། སྔོ་ནག་གིས་དིག་ལྐུགས་མང་བའོ། །
Domain ཆོས་ལུགས།