From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་ཁམས་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། འབྱུང་བ་བཞིའི་ཡ་གྱལ་ཞིག་སྟེ། མཚན་ཉིད། སྲ་ཞིང་འཐས་པ་སའི་ཁམས་ཀྱི་མཚན་ཉིད་ཡིན་ཏེ། མཆིམས་མཛོད་ལས། ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང༌། རླན་ཞིང་གཤེར་བ་དང༌། དྲོ་བ་ཉིད་དང༌། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །ཞེས་དང། མཛོད་རྩ་བ་ལས། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འཛིན་པ་ལ་སོགས་ལས་སུ་གྲུབ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
| Synonyms
|
ས། འབྱུང་བ་ས། སའི་ཁམས་རྣམས་སོ། །
|
ས་ཁམས་ (2)
| Part of speech
|
མིང་ཚིག
|
| Definition
|
ལོ་ཁམས་ལྔའི་ནང་གསེས་ས་ཁམས་ཀྱི་དོན།
|
| Domain
|
རྩིས་རིག
|