9046

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ཡི་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་ཆེན་པོའི་རྒྱུད། བོན། རྨ་ཡི་གཏེར་ལུགས་ལྟར་ཁྲོ་བོ་དབང་ཆེན་གྱི་སྒྲུབ་པའི་ཡན་ལག་བཅོ་བརྒྱད་ཀྱི་ནང་གསེས་གཞི་སྒྲུབ་ཀྱི་རིམ་པ་སྟེ། དེ་ཡང་ཨ་དཀར་ཐེག་པའི་མདོ་ལས། བར་མཚམས་བདག་ཉིད་དོན་དུ་སྒྲུབ། ཕྱག་རྒྱ་དགོས་པ་བདག་ཏུ་སྒྲུབ། དུག་ལྔ་རང་གྲོལ་གདན་དུ་སྒྲུབ། སྤྱན་དྲངས་ཡེ་ཤེས་གཉིས་མེད་སྒྲུབ། ཕྱག་འཚལ་མོས་འདུན་གུས་པར་སྒྲུབ། ཉེས་ལྟུང་ཉམས་བཤགས་གུས་པས་སྒྲུབ། གཞི་ཡི་ཡན་ལག་དྲུག་ཏུ་ཤེས། ཞེས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།