90473

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཉིས་པ་དྲི་མ་མེད་པ་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ས་གཉིས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་གཉིད་སད་པའི་དུས་སུ་མ་ཟད་རྨི་ལམ་དུ་ཡང་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་མཐའ་དག་སྤངས་ཏེ། མི་དགེ་བ་བཅུ་དང་བྲལ་བའི་ཡོན་ཏན་རྣམ་པར་དག་པར་དང་ལྡན་པའི་ཕྱིར་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པས་སོ། །སྟོན་ཀའི་ཟླ་བ་ས་རྡུལ་གྱི་དྲི་མ་དང་བྲལ་བ་ལྟར་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་འདི་ལ་དྲི་མ་མེད་པ་ཞེས་ཐ་སྙད་ཀྱང་གདགས་སོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ངེས་དོན་རྣམ་ངེས་ལས་གསུངས་སོ། ། ༼ཆོས་དབྱིངས་མངོན་སུམ་དུ་རྟོགས་པའི་ཟག་མེད་ཀྱི་ཡེ་ཤེས་དང་། བརྩེ་བ་སྙིང་རྗེ་ཆེན་པོ་ཟུང་དུ་འབྲེལ་བའི༽ས་གཉིས་པའི་མཉམ་གཞག་ཡེ་ཤེས་ཉིད་ས་གཉིས་པ་ཡིན་ལ། དྲི་མ་མེད་པ་ཞེས་པ་ཡང་རྗེས་ཐོབ་ཏུ་ཚུལ་ཁྲིམས་ལ་ལྷག་པར་སྤྱོད་པས་ན་འབྲས་མིང་རྒྱུ་ལ་བཏགས་པའོ་ཞེས་པཎ་ཆེན་ངག་ཆོས་ཀྱི་དབུ་མའི་སྤྱི་དོན་ལས་གསུངས་སོ། །
Domain ཆོས་ལུགས།