90474

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཉིས་པ་ལ་མོས་པའི་བསམ་པ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་ས་གཉིས་པ་ལ་མོས་པའི་བསམ་པ་བཅུ་སྟེ། ༡ དྲང་པོའི་བསམ་པ། ༢ འཇམ་པའི་བསམ་པ། ༣ ལས་སུ་རུང་བའི་བསམ་པ། ༤ དུལ་བའི་བསམ་པ། ༥ ཞི་བའི་བསམ་པ། ༦ དགེ་བའི་བསམ་པ། ༧ མ་འདྲེས་པའི་བསམ་པ། ༨ མི་ལྟོས་པའི་བསམ་པ། ༩ རླབས་པོ་ཆེའི་བསམ་པ། ༡༠ བདག་ཉིད་ཆེ་བའི་བསམ་པ་དང་། སེམས་ཀྱི་བསམ་པ་བཅུ་པོ་འདི་དག་འབྱུང་སྟེ། དེ་དག་གིས་བྱང་ཆུབ་སེམས་དཔའི་ས་གཉིས་པ་དྲི་མ་དང་བྲལ་བ་ལ་གནས་པ་ཡིན།
Domain ཆོས་ལུགས།