90475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཉིས་པའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་གཉིས་པ་བའི་རྒྱུད་ཀྱི་ས་གཉིས་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་འཇོག་པ་ཡིན། ཡོངས་སུ་སྦྱོང་ཚུལ་ནི། པཎ་ཆེན་གྱི་ཕར་ཕྱིན་རྩ་ཊཱིཀ་ལས། ཚུལ་ཁྲིམས་དང༌། གཞན་གྱིས་ཕན་པར་བྱས་པའི་དྲིན་བཟོ་བ་དང༌། གཞན་གྱིས་གནོད་པ་བྱས་པ་བཟོད་པ་དང༌། དགེ་བ་སྒྲུབ་པ་ལ་འགྱོད་པ་མེད་པའི་སྒོ་ནས་ཡིད་རབ་ཏུ་དགའ་བ་དང༌། སྐྱེ་བོ་རྣམས་ལ་སྙིང་བརྩེ་བ་དང༌། མཁན་པོ་སོགས་ལ་བཀུར་བསྟི་བྱེད་པ་དང༌། བླ་མ་ལ་གུས་ཤིང་ཉན་པ་དང༌། བརྒྱད་པ་སྦྱིན་པ་ལ་སོགས་པ་ལ་སྤྲོ་ཞིང་བརྩོན་པ་སོགས་བརྒྱད་ཀྱིས་ས་གཉིས་པ་སྦྱོང་བར་བྱེད་ནུས་ཏེ། དེའི་མི་མཐུན་ཕྱོགས་འཇོམས་ཤིང་གཉེན་པོ་རྫོགས་པར་བྱེད་ནུས་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།
ས་གཉིས་པའི་ཡོངས་སྦྱོང་ (2)
Part of speech མིང་ཚིག
Definition མཚན་ཉིད་ནི། ས་གཉིས་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་གཉིས་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་གཉིས་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སོགས་བརྒྱད་དོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །