90485
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རང་བཞིན་དུ་གནས་པའི་ས་ལས་གཞན་དམན་པའི་ས་ལ་གནས་པའི་རྒྱུ་མཚན་གྱིས་དེ་སྐད་བརྗོད་པའི་ཕྱིར། ཞེས་གསུངས། མཚན་ཉིད་ནི། དམན་པར་བྱེད་ཆོས་ལས་ཀྱི་ཆོ་གའི་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤངས་དགོས་རུང་དུ་གནས་པ་དེ་ཡིན་པའི་ཕྱིར། ཞེས་གསུངས། གཞི་བཅུ་བདུན་གྱི་ནང་ཚན་ཞིག དེའི་ཚུལ་ཞིབ་པར་ནི། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གསུམ་པ་ས་གཞན་ན་གནས་པ་སྤྱོད་པའི་གཞི་བཤད་དུ་ཡོད་དེ། དེའི་དབྱེ་བ། བསྡུ་བ། མཚན་ཉིད། བསླབ་བྱ། སྒྲ་བཤད་པ། དེ་ལས་གྲོལ་བའི་དུས་རྣམས་ཡོད་པའི་ཕྱིར། དང་པོ་ལ་གཉིས་ཡོད་དེ། ཆེ་ལོང་རགས་རིམ་གྱི་སྒོ་ནས་དབྱེ་བ་ཞིབ་མོ་རྣམ་འཐག་གི་སྒོ་ནས་དབྱེ་བ་གཉིས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། སྤོ་བ་སྤྱོད་པ་གསུམ། མགུ་བ་སྤྱོད་པ་གསུམ། སྤོ་ལྡན་གསུམ། མགུ་ལྡན་གསུམ་སྟེ་བཅུ་གཉིས། བསྡིགས་པ་སྨད་པ་བསྐྲད་པ་ཕྱིར་འགྱེད་པ་སྟེ་བཞི། གནས་དབྱུང་བདུན། དགེ་ཚུལ་བསྙིལ་བ། ངོ་བོ་ཉིད་ཚོལ་བ། བསླབ་པ་སྦྱིན་པ་སྟེ་ཉེར་དྲུག་ཡོད་པའི་ཕྱིར། གཉིས་པ་ཞིབ་མོ་རྣམ་འཐག་གི་སྒོ་ནས་དབྱེ་བ་ཡོད་དེ། སྤོ་བ་སྤྱོད་པ། གཞི་ནས་སྤོ་བ་སྤྱོད་པ། ཡང་གཞི་ནས་སླངས་ཏེ་སྤོ་བ་སྤྱོད་པ་སྟེ་གསུམ། མགུ་བ་སྤྱོད་པ། གཞི་ནས་མགུ་བ་སྤྱོད་པ། ཡང་གཞི་ནས་སླངས་ཏེ་མགུ་བ་སྤྱོད་པ་སྟེ་གསུམ། སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ། གཞི་ནས་སྤོ་བ་སྤྱོད་ནས་མགུ་བ་སྤྱོད་པ་གསུམ། ཡང་གཞི་ནས་སླངས་ཏེ་སྤོ་བ་སྤྱད་ནས་མགུ་བ་སྤྱོད་པ་གསུམ་སྟེ་བཅོ་ལྔ། སྤོ་ལྡན་གསུམ། མགུ་ལྡན་གསུམ། སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ། གཞི་ནས་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ། ཡང་གཞི་ནས་སླངས་ཏེ་སྤོ་བ་སྤྱད་ནས་མགུ་བ་དང་ལྡན་པ་གསུམ། བསྡིགས་སོགས་བཞི། གནས་དབྱུང་བདུན། བསྙིལ་བ་ནན་ཏུར། ངོ་བོ་ཉིད་ཚོལ་བ། བསླབ་པ་བྱིན་པ་རྣམས་ཏེ་ཞེ་བཞི་ཡོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |