90486

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཞན་ན་གནས་པ་སྤྱོད་པའི་གཞི་དེ་ལས་གྲོལ་བའི་དུས་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ས་གཞན་ན་གནས་པ་སྤྱོད་པའི་ཉེས་པའི་གཞི་དེ་ལས་དུས་ནམ་ཞིག་ལ་གྲོལ་བ་ཞེས་པ་དང་དོན་འདྲ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དྲུག་པ་དེ་ལས་གྲོལ་བའི་དུས་ཡོད་དེ། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ན་ས་གཞན་ན་གནས་པ་ཐམས་ཅད་ལས་གྲོལ། བཟོད་པ་བྱས་པས་ནན་ཏུར་ལས་གྲོལ། སྤོ་མགུ་འཁོར་བས་སྤོ་སྤྱོད་མགུ་སྤྱོད་ལས་གྲོལ། མགུ་བ་བྱིན་པས་སྤོ་ལྡན་ལས་གྲོལ། དབྱུང་བ་བྱིན་པས་མགུ་ལྡན་ལས་གྲོལ། ལྟུང་བ་དྲན་ཞིང་བཟོད་པ་བྱ་བའི་ལས་བྱས་པས་ངོ་བོ་ཉིད་ཚོལ་བ་ལས་གྲོལ། གནས་དབྱུང་མ་གཏོགས་ནན་ཏུར་སྔ་མའི་རྗེས་སུ་ཕྱི་མ་བྱས་པས་སྔ་མ་ལས་གྲོལ་བའི་ཕྱིར། གནས་དབྱུང་ལ་སླར་ཡང་ནན་ཏུར་མི་བྱེད་པའི་རྒྱུ་མཚན་ནི། དེ་ཆོས་དང་ཟང་ཟིང་མཐའ་དག་གིས་སྤངས་ཟིན་པའི་ཆ་ནས་ཡིན་ནོ། །ཞེས་གསུངས།
Domain ཆོས་ལུགས།