90487

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཞན་ན་གནས་པ་སྤྱོད་པའི་གཞིའི་བསྡུ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བྱེ་བྲག་སྨྲ་བ། ས་གཞན་ན་གནས་པ་སྤྱོད་པའི་གཞིའི་བསྡུ་བ་ལ། ངོ་བོའི་སྒོ་ནས་བསྡུ་བ་སོགས་གསུམ་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་ལ་གསུམ་ཡོད་དེ། ངོ་བོའི་སྒོ་ནས་བསྡུ་བ། རྣམ་གྲངས་ཀྱི་སྒོ་ནས་བསྡུ་བ། བསླབ་བྱའི་སྒོ་ནས་བསྡུ་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ལའང་གསུམ་ཡོད་དེ། སྤངས་པ་ས་གཞན་ན་གནས་པ། སྨད་པ་ས་གཞན་ན་གནས་པ། རྣམ་པར་དག་པར་བྱེད་པ་ས་གཞན་ན་གནས་པ་སྟེ་གསུམ་ཡོད་པའི་ཕྱིར། དེ་གསུམ་གྱི་ངོས་འཛིན་ཡོད་དེ། གནས་དབྱུང་བདུན་དང་། བསྙིལ་བ་ནན་ཏུར་དང་པོ་དང་། བསྡིགས་སོགས་བཞི་གཉིས་པ་དང་། གཞན་རྣམས་གསུམ་པ་ཡིན་པའི་ཕྱིར། གཉིས་པའི་སྒོ་ནས་བསྡུ་བ་ཡོད་དེ། ས་གཞན་ན་གནས་པ་ལ་ནན་ཏུར་བྱས་པ་དང་། མ་བྱས་པ་གཉིས་སུ་འདུ་བའི་ཕྱིར་དང་། ངོས་འཛིན་ཀྱང་བསྡིགས་སོགས་བཞི། གནས་དབྱུང་བདུན། བསྙིལ་བ་ནན་ཏུར་རྣམས་དང་པོ་དང་། གཞན་རྣམས་གཉིས་པ་ཡིན་པའི་ཕྱིར། གསུམ་པ་བསྡུ་ཚུལ་ཡོད་དེ། ས་གཞན་ན་གནས་པ་ཆེན་པོ་དང་། ཆུང་ངུ་གཉིས་སུ་འདུ་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།