90488

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཞན་ན་གནས་པ་སྤྱོད་པའི་གཞིའི་བསླབ་བྱ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ས་གཞན་ན་གནས་པ་སྤྱོད་པའི་གཞིའི་བསླབ་པར་བྱ་བའི་དོན་རྣམས་ཡོད་དེ། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཞི་པ་བསླབ་བྱ་ཡོད་དེ། ས་གཞན་ན་གནས་པ་ཆེན་པོ་རྣམས་ཀྱིས་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་དང་། དམན་པའི་སྤྱོད་པ་དང་དུ་ལེན་པར་བྱ་བ་ཡིན་པའི་ཕྱིར། ཆུང་ངུ་རྣམས་ཀྱིས་དམན་སྤྱོད་ལྔ་དང་དུ་མི་ལེན་ཡང་། ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་བ་ལ་བསླབ་པར་བྱ་བ་ཡིན་པའི་ཕྱིར། ས་གཞན་ན་གནས་པ་ཆེན་པོ་དང་། ཆུང་ངུའི་ངོས་འཛིན་ཡོད་དེ། སྤོ་བ་སྤྱོད་པ་དང་། མགུ་བ་སྤྱོད་པ་བཅོ་ལྔ། ངོ་བོ་ཉིད་ཚོལ་བ། བསླབ་པ་བྱིན་པ་རྣམས་དང་པོ་དང་། སྤོ་ལྡན། མགུ་ལྡན་བཅོ་ལྔ་ནན་ཏུར་བཅུ་གཉིས་རྣམས་ཕྱི་མ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།