90507

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གཡོ་དྲུག་ (1)
Part of speech མིང་ཚིག
Definition འགུལ། གཡོ། ལྡེག འཁྲུག འུར་འུར། ཆེམ་ཆེམ་སྟེ་ས་གཡོ་བ་རྣམ་པ་དྲུག
ས་གཡོ་དྲུག་ (2)
Part of speech མིང་ཚིག
Definition ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ་བ་དང༌། ནུབ་ཕྱོགས་དམའ་ན་ཤར་ཕྱོགས་མཐོ་བ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ་བ། བྱང་ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ་བ། མཐའ་དམའ་ན་དབུས་མཐོ་བ། དབུས་དམའ་ན་མཐའ་མཐོ་བ་སྟེ་ས་གཡོ་བའི་རྣམ་པ་དྲུག