90518

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གསུམ་ (1)
Part of speech མིང་ཚིག
Definition ས་འོག ས་སྟེང། ས་བླ་སྟེ་གསུམ།
Example ས་གསུམ་ན་གནས་པའི་འགྲོ་བ་རིགས་དྲུག ས་གསུམ་གྱི་སེམས་ཅན་ལྟ་བུ།
Domain ཆོས་ལུགས།
ས་གསུམ་ (2)
Part of speech མིང་ཚིག
Definition མདོ། ས་དང་པོ། ས་གཉིས་པ། ས་གསུམ་པ་སྟེ་གསུམ་མོ། །
Example ས་གསུམ་ན་གནས་པའི་འཕགས་པ་ལྟ་བུ།
ས་གསུམ་ (3)
Part of speech མིང་ཚིག
Definition ཁམས་གསུམ་འཁོར་བའི་ས་དང་། གཡུང་དྲུང་ཐེག་པའི་ས། བོན་ཉིད་བདེ་ཆེན་གྱི་ས་དང་གསུམ་སྟེ། སྲིད་པའི་མཛོད་ཕུགས་ཀྱི་གཞུང་མཛད་གནས་བཅུ་དྲུག་ས་གནས་སྐབས་ལས། ས་དང་གནས་གསུམ་བསྟན་པ། རང་བཞིིན་རིམ་པ་གནས་པ་ཡི། ཁམས་གསུམ་འཁོར་བའི་ས་དགུ། དོན་གྱི་རིག་འཛིན་བདེར་འཁོད་པའི། གཡུང་དྲུང་ཐེག་པའི་ས་བཅུ། དོན་ལ་མི་གཡོ་མཉམ་གསལ་བའི། བོན་ཉིད་བདེ་ཆེན་ས་དང་གསུམ། ཞེས་དང་། གཡུང་དྲུང་ཀློང་རྒྱས་ཀྱི་འགྲེལ་བ་ནམ་མཁའི་ནོར་བུ་ལས། ས་གསུམ་ནི། ཁམས་གསུམ་འཁོར་བའི་ས་དང་། གཡུང་དྲུང་ཐེག་པའི་ས་དང་། བོན་ཉིད་བདེ་ཆེན་གྱི་ས་དང་། ཞེས་སོ། །ཡང་ན་ཀློང་འགྲེལ་དེ་ཉིད་ལས། རྟེན་པ་གནས་ཀྱི་ས་དང་། སྦྱོང་བ་ལམ་གྱི་གནས། ཕྱིན་པ་འབྲས་བུའི་གནས་དང་གསུམ་དུ་གསུངས་སོ། །