90519
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཐེག་ཆེན། ས་བཅུའི་ནང་གསེས་ཤིག་སྟེ། ངེས་ཚིག མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་ལུགས་ལུང་དེའི་དོན་ཡོད་དེ། ས་གསུམ་པའི་བར་ཆད་མེད་ལམ་གྱི་མཉམ་གཞག་ཏུ་གཉིས་སྣང་འཁྲུལ་པའི་བུད་ཤིང་སྲེག་པའི་ཡེ་ཤེས་ཀྱི་མེའི་འོད་དམར་སེར་འབྱུང་བའི་དོན་ཡིན་པའི་ཕྱིར། ཊཱིཀ་ཆེན་ལས། དེ་ནི་མཚན་དོན་དང་མཐུན་པ་ཡིན་ཏེ། ས་གསུམ་པ་ཐོབ་པ་དེའི་ཚེ་ཤེས་བྱའི་བུད་ཤིང་མ་ལུས་པར་སྲེག་པའི་ཡེ་ཤེས་ཀྱི་མེ་གཉིས་སྣང་གི་སྤྲོས་པ་ཀུན། མཉམ་གཞག་ཏུ་ཞི་བར་བྱེད་པའི་བདག་ཉིད་ཅན་གྱི་འོད་འབྱུང་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། |
| Domain | ཆོས་ལུགས། |