From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་གསུམ་པའི་ཡོངས་སྦྱོང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་གསུམ་པ་བའི་རྒྱུད་ཀྱི་ས་གསུམ་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། ཡོངས་སུ་སྦྱོང་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། མང་དུ་ཐོས་པས་མི་ངོམས་པ་ཉིད་དང༌། རྙེད་བཀུར་གྱི་ཟང་ཟིང་མེད་པར་ཆོས་སྦྱིན་པ་དང༌། སངས་རྒྱས་ཀྱི་ཞིང་ཀུན་སྦྱོང་བ་དང༌། འཁོར་བས་ཡོངས་སུ་མི་སྐྱོ་བ་དང༌། ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ་རང་གཞན་ལ་ལྟོས་ནས་མི་དགེ་བའི་ཆོས་ཡིད་ལ་མི་བྱེད་པ་དང་ལྔ་སྟེ། རློམ་མེད་བདག་ཉིད་དེ་རྣམས་ལྔ་ནི་ཆོས་ལྔ་རེ་རེ་ལའང་སྦྱར་རོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
ས་གསུམ་པའི་ཡོངས་སྦྱོང་ (2)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། ས་གསུམ་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་གསུམ་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་གསུམ་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། ཐོས་པས་མི་ངོམས་པ་ལ་སོགས་པ་ལྔའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
|