90529

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་གྱུར་བཅུ་གཉིས་ (1)
Part of speech མིང་ཚིག
Definition སའི་གཤེད་བཞི་སྟེ། ས་ཡི་གླང་། ལུག ཁྱི། འབྲུག བཞི་པོ་དང་། སྦལ་བ་ལྷག་བརྒྱད་ས་བདག་ལོ། །ཁྱིམ་གཅིག་ལོ་རྩ་གང་མང་བ། །དེ་ཡིས་འབྲས་བུ་སོ་སོར་སྨིན། །ཁྱུང་མེད་ཀླུ་མང་ཀླུང་ནད་ལྡང་། །རེ་འཇམ་མེ་ལ་སྲིན་པོ་མང་། །དེ་ནི་ཡུལ་ལ་སྤོ་འདུག་མང་། །ལྷ་མིན་མང་ན་འཐབ་རྩོད་འབྱུང་། །ལྷ་མང་མནོལ་གྲིབ་མི་གཙང་འཛེམ། །ཡི་དྭགས་མང་ན་དབུལ་པོར་འགྱུར། །དམྱལ་བ་མང་ན་མྱ་ངན་འབྱུང་། །གཟའ་དང་ས་བདག་གང་མང་ཡང་། །རང་རང་ནད་དེ་ལྡང་བར་བཤད། །བ་སྦལ་ཁྱུང་འཇམ་བདེ་སྐྱིད་འཕེལ། །དེ་ཡང་ཕ་མ་ཀླུ་ལོ་ལ། །བུ་ཚ་ཀླུ་ཡི་ལོ་བ་བྱུང་། །ཀླུ་ནད་མང་ལ་ཕ་མ་བུ། །ལྷ་མི་ལོ་བྱུང་འཐབ་རྩོད་མང་། །དམྱལ་བ་ནད་མོད་ཡི་དྭགས་དབུལ། །བྱོལ་སོང་གླེན་ལ་གཞན་བཏང་སྙོམས། །སྟོབས་ཀྱི་བྱེ་བྲག་མཐུན་མི་མཐུན། །གཟའ་དང་ཀླུ་གཉིས་དགྲ་གཤེད་ཡིན། །དེ་བཞིན་སྲིན་པོ་རེ་འཇམ་གཉིས། །ཁྱུང་དང་ཀླུ་གཉིས་ཁྱུང་ས་བདག། །ཕན་ཚུན་བསྡེབས་པ་དགྲ་གཤེད་ཡིན། །གཞན་རྣམས་བཏང་སྙོམས་བ་སྦལ་བ། །ཀུན་དང་མཐུན་པས་བཟང་བར་བཤད། །
Domain རྩིས་རིག