90542
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། ཁྲོ་བ་ནི། སེམས་འཁྲུགས་ཤིང་ཁྲོས་པ་ཉིད་ཡིན་ནོ། །འཁོན་དུ་འཛིན་པ་ནི། དགྲ་ལ་དམ་དུ་སེམས་པ་ཉིད་དོ། །སྟོན་པ་ནི། སྡིག་པ་གསུམ་གྱི་འཆི་བའོ། །འཚིག་པ་ནི། ཆོས་མ་ཡིན་པ་ལ་དམ་དུ་འཛིན་པའོ། །སྒྱུ་ནི། སླུ་བ་ཡིན་ཏེ་གང་གིས་སླུ་བར་བྱེད་པའོ། །གཡོ་ནི། དྲང་པོ་མ་ཡིན་པ་ཉིད་དེ། འཁོར་བར་ཤིན་ཏུ་འཆིང་བར་བྱེད་པ་མ་རུངས་པ་ཉིད་ཡིན་ནོ། །ཕྲག་དོག་ནི། གཞན་ལ་གནོད་པར་བྱེད་པའི་ངོ་བོ་ཉིད་ཡིན་ནོ། ། སེར་སྣ་ནི། ནོར་རྫས་ཟད་དུ་དོགས་པས་འཇིགས་པ་ཉིད་དང་། སེམས་ལས་བྱུང་བ་བརྐམ་པ་ཉིད་ཡིན་ཏེ། འདི་དག་ནི་ཁམས་གསུམ་ཀུན་གྱིས་ས་ལས་བྱུང་བ་ཆུང་ངུ་ཡིན་ནོ། །ང་རྒྱལ་དང་། ལྷག་པའི་ང་རྒྱལ་ནི་ཁམས་གསུམ་ཅར་དུ་འབྱུང་ངོ་། ། |
| Domain | ཆོས་ལུགས། |