90545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཆེན་པོ་གཡོ་བའི་རྒྱུ་རྐྱེན་གསུམ་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ ཆུ་ནི་རླུང་ལ་བརྟེན། རླུང་ནི་ནམ་མཁའ་ལ་བརྟེན་པ་ཡིན་ཏེ། ནམ་མཁའ་ལས་རླུང་ཆེན་པོ་ལྡང་ངོ་། །ནམ་མཁའ་ལས་རླུང་ཆེན་པོ་ལངས་པས་ཆུ་བསྐྱོད་དོ། །ཆུ་བསྐྱོད་པས་ན་ས་གཡོས་ཏེ། འདི་ནི་ས་ཆེན་པོ་གཡོས་པའི་རྒྱུ་དང་རྐྱེན་དང་པོ་ཡིན་ནོ། ། ༢ དགེ་སློང་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བར་གྱུར་པ་དེས་སའི་འདུ་ཤེས་ནི་ཆུང་། ཆུའི་འདུ་ཤེས་ཚད་མེད་པར་བྱིན་གྱིས་བརླབས་ནས། དེ་འདོད་ན་ས་གཡོ་བར་བྱེད། དགེ་སློང་མའམ། ལྷ་ཡང་རུང་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བར་གྱུར་པ་དེས་ཀྱང་སའི་འདུ་ཤེས་ཆུང་དུ་བྱས། ཆུ་འདུ་ཤེས་ནི་ཚད་མེད་པར་བྱིན་གྱིས་བརླབས་ཏེ། དེ་ཡང་འདོད་ན་ས་གཡོ་བར་བྱེད་དེ། འདི་ནི། ས་གཡོ་བའི་རྒྱུ་གཡོ་གཉིས་པ་དང་རྐྱེན་གཉིས་པའོ། ། ༣ རིང་པོ་མི་ཐོགས་པར་དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བར་འགྱུར་ན། དེའི་ཚེ་ས་ཆེན་པོ་ཤིན་ཏུ་གཡོས་པར་འགྱུར་ཏེ། སྐར་མདའ་ལྷུང་། ཕྱོགས་ཚིག བར་སྣང་ནས་ལྷ་རྣམས་རྔ་རྡུང་བར་འགྱུར་ཏེ། འདི་ནི། ས་གཡོ་བའི་རྒྱུ་གསུམ་པ་དང་རྐྱེན་གསུམ་པའོ། །
Domain ཆོས་ལུགས།