90549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། བོན་གྱི་ཆོ་ག་སྤེལ་སྐབས་སུ་ཐོག་མ་ངེས་པར་དུ་མཁོ་བའི་གཏོར་མ་ཞིག་ཡིན། དེ་ལ་ས་སླང་སྐབས་ཀྱི་ཆོ་ག་ལ་མཁོ་བའི་དཀར་གཏོར་ཡིན་པས་དེ་སྐད་བྱའོ། །འབྲུ་སྣ་གཙང་མའི་ཕྱེ་ལ་སྨན་སྣ་བཏབ་ཏེ་ཆུས་རྫིས་ནས་བཟོ་དགོས་ལ། བཟོ་དབྱིབས་ནི་ཟླུམ་པོ་ལ་འདབ་མ་བཞིས་བརྒྱན་ཞིང་མདུན་དུ་གཏོར་འདབ་ཞིག་བཞག་དགོས་ཞིང་། མདོག་ནི་སེར་པོས་བསྒྱུར་ཡོད། མཐར་བསགས་རྫས་ནི་དཀར་སུམ་དང། མངར་སུམ། དར་ཟབ། འབྲུ་སྣ་སོགས་བཤམ་ལ། བཤམ་སྣོད་ནི་རབ་རིན་པོ་ཆེ་གསེར། འབྲིང་ཐ་ནི་དངུལ་ཟངས་སོགས་ཅི་རིགས་ཆོག་མོད། མཆོད་དོན་ནི་དཀྱིལ་འཁོར་བཞེས་སའི་སོགས་ཀྱི་ས་བདག་རྣམས་ལ་མཐུན་པ་ཡོང་ཆེད་དེ། ལྟུང་བཤགས་ཆོ་ག་ངན་སོང་དོང་སྤྲུག་ལས། ཨཱོྃ་བོན་ཉིད་བདེན་པའི་སྟོབས་མཆོག་གིས། །འབྱུང་ལྔ་ལོ་ཟླ་ཞག་དུས་དང་། །ནམ་མཁའ་བར་སྣང་དབང་བྱེད་ཅིང་། །གནས་ཀྱི་བསྡུས་པའི་གྲོགས་མཐུན་རྣམས། །འདིར་གཤེགས་དཀར་གྱི་གཏོར་མ་འབུལ། །དགྱེས་དགུར་བཞེས་ལ་མཐུན་རྐྱེན་བསྒྲུབས། །རིན་ཆེན་ས་ཡི་དངོས་གྲུབ་སྩོལ། །རྐོ་ལོང་ཐུགས་འཕྲད་མེད་པར་མཛོད། །ཅེས་སོ། ། |
| Domain | ཆོས་ལུགས། |