90570
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཁྱད་པར་དུ་འཕགས་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་གཉིས་པ་ལ་ནི་དྲི་མ་མེད་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་གསུམ་པ་ལ་ནི་ཤིན་ཏུ་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་བཞི་པ་ལ་ནི་གཟུང་བར་དཀའ་བ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་ལྔ་པ་ལ་ནི་ཡོན་ཏན་གྱིས་སེམས་བརྒྱན་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་དྲུག་པ་ལ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྒྲོན་མ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་བདུན་པ་ལ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་བརྒྱད་པ་ལ་ནི་རྣམ་པར་མི་རྟོག་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་དགུ་པ་ལ་ནི་སྒོ་མཐའ་ཡས་པ་ཞེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། །ས་བཅུ་པ་ལ་ནི་མི་ཟད་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་རབ་ཏུ་ཐོབ་པར་འགྱུར་རོ། ། |
| Domain | ཆོས་ལུགས། |