90578

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ཐོབ་པའི་ལྟས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་ས་བརྒྱད་པ་བར་རིམ་པར་ཐོབ་པའི་རྟགས་སམ་ལྟས་བརྒྱད་གསུངས་ཏེ། ཀུན་འདུས་རིག་པ་ལས། ས་རྣམས་ཐོབ་པའི་སྔ་ལྟས་ནི། །ཁྲི་རྐང་དག་ལ་འཛེགས་པ་དང༌། །ཕལ་པའི་སྐས་ལ་འཛེགས་པ་དང༌། །ལྗོན་ཤིང་དག་ལ་འཛེགས་པ་དང༌། །གྱེན་དུ་ཤིན་ཏུ་འགྲོ་བ་དང༌། །རི་བོའི་རྩེ་ལ་འཛེགས་པ་དང༌། །རིན་ཆེན་སྐས་ལ་འཛེགས་པ་དང༌། །མཆོད་རྟེན་དག་ལ་འཛེགས་པ་དང༌། །ནམ་མཁའི་སྐས་ལ་འཛེགས་པ་རྣམས། །འདི་དག་དོན་གྱི་སྔ་ལྟས་ཡིན། །ཞེས་པ་ལྟར། ཁྲི་རྐང་ལ་འཛེགས་པ། ཤིང་ཕལ་པའི་སྐས་ལ་འཛེགས། ལྗོན་ཤིང་ལ་འཛེགས་པ། རཏྣའི་སྐས་ལ་འཛེགས་པ། གྱེན་དུ་འགྲོ་བ། རི་བོའི་རྩེ་ལ་འཛེགས་པ། མཆོད་རྟེན་ལ་འཛེགས་པ། ནམ་མཁའི་སྐས་ལ་འཛེགས་པ་དང་བརྒྱད་དོ། །
Domain ཆོས་ལུགས།