From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་དགུ་པའི་ཡོངས་སྦྱོང་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། ས་དགུ་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་དགུ་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་དགུ་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། སྨོན་ལམ་མཐའ་ཡས་པ་སོགས་བཅུ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
|
| Domain
|
ཆོས་ལུགས།
|
ས་དགུ་པའི་ཡོངས་སྦྱོང་ (2)
| Part of speech
|
མིང་ཚིག
|
| Definition
|
བྱང་སེམས་ས་དགུ་པ་བའི་རྒྱུད་ཀྱི་ས་དགུ་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། ཡོངས་སུ་སྦྱོང་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ས་དགུ་པའི་ཡོངས་སྦྱོང་ལ་བཅུ་གཉིས་ཡོད་དེ། ཕར་ཕྱིན་དྲུག་རྫོགས་པས་སྨོན་ལམ་མཐའ་ཡས་པ་འགྲུབ་པ་དང༌། ངེས་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྐད་ཤེས་པ་དང༌། སྤོབས་པ་སོ་སོར་ཡང་དག་པར་རིག་པ་ཐོབ་པས་ཆོས་སྟོན་པ་ལ་སྤོབས་པ་ཆུ་བོ་ལྟར་མི་ཟད་པ་དང༌། བུད་མེད་ཀྱི་སྐྱོན་ཐམས་ཅད་དང་བྲལ་བས་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པའི་མའི་མངལ་དུ་འཇུག་པ་དང༌། རིགས་ཕུན་སུམ་ཚོགས་པ་རྒྱལ་པོ་དང་བྲམ་ཟེའི་རིགས་ལ་སོགས་པར་གནས་པ་དང༌། རུས་ཕུན་སུམ་ཚོགས་པ་ཉི་མ་དང་བུ་རམ་ཤིང་ལ་སོགས་པ་ལས་སྐྱེས་པ་དང༌། མ་ལ་སོགས་པ་དང་ལེགས་པར་འབྲེལ་བའི་གཉེན་དམ་པ་བདུན་རྒྱུད་དུ་བྱུང་བའི་ཆོ་འབྲང་དང༌། རང་གིས་བརྟུལ་ཏེ་བྱང་ཆུབ་ལ་བཞག་པ་རང་དབང་བའི་འཁོར་ཕུན་སུམ་ཚོགས་པ་དང་བརྒྱ་བྱིན་དང་མིའི་དབང་པོ་ལ་སོགས་པས་མངོན་པར་བསྟོད་པར་སྐྱེ་བ་དང༌། སངས་རྒྱས་དང་གནས་གཙང་མའི་ལྷ་ལ་སོགས་པས་བསྐུལ་ཏེ་ཁྱིམ་ནས་ངེས་པར་འབྱུང་བ་དང༌། དགོས་འདོད་ཐམས་ཅད་འབྱུང་བས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་སྟོན་པ་འདིའི་བྱང་ཆུབ་ཀྱི་ཤིང་ཨཱ་ཤཱད་ཐ་དང༌། བྱམས་པའི་ཀླུ་ཤིང་ལ་སོགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དང༌། སངས་རྒྱས་དང་སངས་རྒྱས་ཀྱི་ཆོས་སྟོབས་སོགས་ཀྱི་ངོ་བོར་གྱུར་པའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། དེ་ལྟ་བུའི་ཕུན་སུམ་ཚོགས་པའི་མཚན་ཉིད་ཀྱིས་ཡོངས་སུ་སྦྱོང་བ་རྣམ་པ་བཅུ་གཉིས་པོ་སྔ་མ་བཞིན་དུ་སྙིང་རྗེ་ཆེན་པོ་དང་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྒོ་ནས་ཡོངས་སུ་སྦྱོང་བར་བྱ་བའི་ཁྱད་པར་དག་གིས་ས་དགུ་པ་ལེགས་པའི་བློ་གྲོས་མངོན་དུ་བྱེད་པ་ཡིན་ཏེ། དེའི་སྐྱོན་སེལ་ཞིང་ཡོན་ཏན་སྒྲུབ་པའི་སྒོ་ནས་རྫོགས་པར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
|