90594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དང་པོ་ནས་དེ་བཞིན་གཤེགས་པའི་སའི་བར་གྱི་གཉེན་པོ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། ཞི་གནས་དང་ལྷག་མཐོང་གི་ས་དང་པོ་ལ་ནི་ངན་སོང་བའི་ཉོན་མོངས་པ་དང༌། ལས་དང༌། སྐྱེ་བའི་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཡིན་ནོ། །ས་གཉིས་པ་ལ་ནི་ལྟུང་བ་ཕྲ་མོའི་འཁྲུལ་པ་ཀུན་ཏུ་འབྱུང་བ་རྣམས་ཀྱི་གཉེན་པོ་ཡིན་ནོ། །ས་གསུམ་པ་ལ་ནི་འདོད་པའི་འདོད་ཆགས་ཀྱི་གཉེན་པོ་ཡིན་ནོ། །ས་བཞི་པ་ལ་ནི་སྙོམས་པར་འཇུག་པ་ལ་སྲེད་པ་དང་ཆོས་ལ་སྲེད་པའི་གཉེན་པོ་ཡིན་ནོ། །ས་ལྔ་པ་ལ་ནི་འཁོར་བ་དང༌། མྱ་ངན་ལས་འདས་པ་དག་ལ་གཅིག་ཏུ་མི་ཕྱོགས་པ་ཉིད་དང༌། མངོན་དུ་ཕྱོགས་པ་ཉིད་ཀྱི་གཉེན་པོ་ཡིན་ནོ། །ས་དྲུག་པ་ལ་ནི་མཚན་མ་མང་པོ་ཀུན་ཏུ་འབྱུང་བའི་གཉེན་པོ་ཡིན་ནོ། །ས་བདུན་པ་ལ་ནི་མཚན་མ་ཕྲ་མོ་ཀུན་ཏུ་འབྱུང་བའི་གཉེན་པོ་ཡིན་ནོ། །ས་བརྒྱད་པ་ལ་ནི་མཚན་མ་མེད་པ་ལ་རྩོལ་བ་དང༌། མཚན་མ་ལ་དབང་དུ་མ་གྱུར་པའི་གཉེན་པོ་ཡིན་ནོ། །ས་དགུ་པ་ལ་ནི་རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་མ་གྱུར་པའི་གཉེན་པོ་ཡིན་ནོ། །ས་བཅུ་པ་ལ་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་སོ་སོར་ཡང་དག་པར་རིག་པ་ནི་མི་འཐོབ་པའི་གཉེན་པོ་ཡིན་ནོ། །
Domain ཆོས་ལུགས།