90598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དང་པོའི་བྱང་སེམས་ཀྱི་དཔེ་དོན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ཅི་ལྟར་ཚེས་པའི་ཟླ་བ་ལ། །རིམ་གྱིས་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱིས་རིམ་གྱིས་འཕེལ་བར་མཐོང་། །ཞེས་ཟླ་བ་ཚེས་པ་ལྟ་བུའི་བྱང་སེམས་ས་དང་པོ་ནས་བཞག་པའི་ཕྱིར་དང་། རྒྱུད་བླར། ཇི་ལྟར་མྱུག་སོགས་རིམ་སྐྱེས་པས། །ས་བོན་ཤུན་པ་གཅོད་པ་ལྟར། །དེ་བཞིན་མཐོང་ལམ་རིམ་སྐྱེས་པས། །མཐོང་སྤང་རྣམས་ནི་གཅོད་པར་བྱེད། །ཅེས་ས་བོན་གྱི་ཤུན་པ་བཅད་ནས་མྱུ་གུ་སྐྱེས་པའི་གནས་སྐབས་དང་། མཐོང་སྤང་དང་བྲལ་ནས་མཐོང་སྐྱེས་པའི་གནས་སྐབས་དཔེ་དོན་དུ་སྦྱར་བའི་ཕྱིར་རོ། །ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ནས་ཕྱིར་འཐོན་པའི་གནས་སྐབས་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་མངལ་ནས་ཕྱིར་བཙས་མ་ཐག་པ་རྣམས་ས་ཐོབ་པ་དང་དཔེ་དོན་དུ་སྦྱར་བ་ཡིན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། ། ཡར་ངོའི་ཟླ་བ་ཚེས་པའི་དཔེས་མཚོན་པའི་བྱང་སེམས། ས་བོན་ཤུན་པ་བཅད་ནས་མྱུ་གུ་སྐྱེས་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། ནམ་མཁའ་ལྡིང་གི་ཕྲུ་གུ་སྒོ་ངའི་སྦུབས་ནས་ཕྱིར་འཐོན་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲས་མའི་མངལ་ནས་ཕྱིར་བཙས་པའི་གནས་སྐབས་ཀྱི་དཔེས་མཚོན་པའི་བྱང་སེམས། ས་ཐོབ་གནས་སྐབས་ཀྱི་བྱང་སེམས། བྱང་སེམས་འཕགས་པ་རྣམས་དོན་གཅིག་པ་ཡིན་ནོ། །
Domain ཆོས་ལུགས།