90599

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དང་པོའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། ས་དང་པོའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་དང་པོའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་དང་པོའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། རང་དོན་ཡིད་བྱེད་ཀྱིས་དབེན་པའི་བསམ་པ་ལ་སོགས་པ་བཅུའོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།
ས་དང་པོའི་ཡོངས་སྦྱོང་ (2)
Part of speech མིང་ཚིག
Definition བྱང་སེམས་ས་དང་པོ་བའི་རྒྱུད་ཀྱི་ས་དང་པོའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། ས་དང་པོའི་ཡོངས་སྦྱོངས་ཆོས་ཅན། དུ་མར་ཡོད་དེ། ས་དང་པོའི་ལྷག་བསམ་རྣམ་དག་སོགས་བཅུར་ཡོད་པའི་ཕྱིར། ཁ་ཅིག ས་དང་པོའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པར་བྱེད་པའི་ས་དང་པོའི་མཁྱེན་པ་དེ། ས་དང་པོའི་ཡོངས་སྦྱོངས་ཀྱི་མཚན་ཉིད་ཟེར་བ་མི་འཐད་དེ། ས་དང་པོའི་ཡེ་ཤེས་སྐད་ཅིག་ཐ་མ་དེ་མཚན་ཉིད་དེ་མ་ཡིན་པའི་ཕྱིར་ཏེ། དེ་དེའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཡིན་པའི་ཕྱིར། ཡང་ཁ་ཅིག ས་དང་པོའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་ས་དང་པོའི་མཁྱེན་པ་དེ། དེའི་མཚན་ཉིད་ཟེར་བ་མི་འཐད་དེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེ། ས་དང་པོའི་སྐྱོན་ཟད་པ་མ་ཡིན་པའི་ཕྱིར་ཏེ། དེས་ཐེག་ཆེན་གྱི་མཐོང་སྤངས་ཟད་པ་མ་ཡིན་པའི་ཕྱིར་ཏེ། དེས་ཐེག་ཆེན་གྱི་མཐོང་སྤངས་སྤངས་པ་མ་ཡིན་པའི་ཕྱིར། ཁ་ཅིག མ་ཁྱབ་ཟེར་ན། འོ་ན། དེས་མཐོང་སྤངས་ཟད་པ་ཡིན་པར་ཐལ། དེའི་དུས་སུ་མཐོང་སྤངས་ཟད་པ་ཡིན་པའི་ཕྱིར་ཏེ། དེའི་དུས་སུ་མཐོང་སྤངས་དང༌བྲལ་བའི་ཕྱིར་ཏེ། དེ་མཐོང་སྤངས་དང༌བྲལ་བའི་བློ་ཡིན་པའི་ཕྱིར་ཏེ། དེ་མཐོང་སྤངས་དང༌བྲལ་བའི་བློ་དང། མཐོང་སྤངས་དང་བཅས་པའི་བློ་གང་རུང་གང་ཞིག ཕྱི་མ་མ་ཡིན་པའི་ཕྱིར། ཕྱི་མ་མ་གྲུབ་ན། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའི་རྒྱུད་ལ་མཐོང་སྤངས་དང་བཅས་པའི་བློ་ཡོད་པར་ཐལ་ལོ། །ཞེས་ཟེར་བ་དཔྱད་གཞིའོ། ཁ་ཅིག བྱང་སེམས་མཐོང་ལམ་པའི་རྒྱུད་ཀྱི་འགོག་བདེན། ས་དང་པོའི་ཡོངས་སྦྱོངས་ཡིན་ཟེར་བ་མི་འཐད་དེ། ས་དང་པོའི་ཡོངས་སྦྱོངས་ཡིན་ན། ས་དང་པོ་ཡིན་དགོས་པའི་ཕྱིར། ཁོ་ན་རེ། དེ་ས་དང་པོའི་ཡོངས་སྦྱོངས་ཡིན་པར་ཐལ། དེ་ས་དང་པོའི་ཡོན་ཏན་ཡིན་པའི་ཕྱིར་ན། མ་ཁྱབ་སྟེ། དེ་ས་དང་པོ་བའི་མཁྱེན་པའི་ཡོན་ཏན་ཡིན་པར་ཐལ། དེ་ས་དང་པོའི་ཡོངས་སྦྱོངས་གང་ཞིག ས་དང་པོ་དང་བྱང་སེམས་ས་དང་པོ་བའི་མཁྱེན་པ་དོན་གཅིག་པའི་ཕྱིར། རང་ལུགས། ས་དང་པོའི་སྐྱོན་དང༌བྲལ་ཞིང་ས་དང་པོའི་ཡོན་ཏན་རྫོགས་པའི་ས་དང་པོའི་མཁྱེན་པ་དེ། ས་དང་པོའི་ཡོངས་སྦྱོངས་ཀྱི་མཚན་ཉིད། ཁ་ཅིག ས་དང་པོའི་ཡོངས་སྦྱོངས་ཡིན་ན། ས་དང་པོའི་ཡོན་ཏན་རྫོགས་པས་ཁྱབ་པར་འདོད་བཞིན་དུ། ས་དང་པོའི་ཡོངས་སྦྱོངས་རྫོགས་པ་དང་། ས་གཉིས་པར་འཕོས་པ་དུས་མཉམ་ཟེར་བ་ནི། རྒྱུ་འབྲས་ཀྱི་རྣམ་དབྱེ་ལ་མི་མཁས་ཤིང་འགལ་འདུ་ཡིན་ཏེ། འོ་ན། ཞེས་སོགས་གསུངས།