90601

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དང་པོའི་སྦྱིན་པའི་ཕར་ཕྱིན་ (1)
Part of speech མིང་ཚིག
Definition མདོ། དབུ་མ། ལྷག་པར་འགྱུར་ཞེས་དྲང་ངོ་། །གང་ན་རྫོགས་པའི་བྱང་ཆུབ་རྣམ་པར་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཕཪ་ཕྱིན་བཅུའི་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ལྷག་པར་འགྱུར་རོ། །དུས་གང་གི་ཚེ་ན། རབ་ཏུ་དགའ་བ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལའོ། །ཅིའི་ཕྱིར་ལྷག་ཅེ་ན། སྦྱིན་པའི་ཕར་ཕྱིན་གྱི་མི་མཐུན་པའི་ཕྱོགས་མཐའ་དག་སྤངས་པའི་ཕྱིར་རོ། །འོན་ཀྱང་དེ་ལས་གཞན་པའི་ཕར་ཕྱིན་རྣམས་མེད་པ་ནི་མ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། ས་བཅུའི་མཉམ་བཞག་རྣམས་ལ་ཤེར་ཕྱིན་གཙོ་བོར་གྱུར་པའི་ཕར་ཕྱིན་གཞན་རྣམས་ལྡན་པར་ཁྱད་པར་མེད་ཀྱང་རྗེས་ཐོབ་ཏུ་ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད་པའི་ཁྱད་པར་བཅུ་ཡོད་པ་ལས་ས་དང་པོ་འདིར་སྦྱིན་པའི་ཕར་ཕྱིན་ལ་ལྷག་པར་སྤྱོད་ཅེས་པའོ་ཞེས་ཀུན་མཁྱེན་གོ་རམས་པའི་འཇུག་པའི་དཀའ་འགྲེལ་ལས་གསུངས་སོ། །
Domain ཆོས་ལུགས།