90607

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དཔྱད་ (1)
Part of speech མིང་ཚིག
Definition དགོན་པ་དང་ལྷ་ཁང། མཆོད་རྟེན་དང་ལབ་རྩེ། གྲོང་དང་ཁང་ཁྱིམ་སོགས་འཛུགས་བསྐྲུན་བྱ་སའི་ས་གནས་ལ། བདེ་སྡུག་དང་དབུལ་ཕྱུག དྲག་ཞན་དང་དར་རྒུད་སོགས་གང་འབྱུང་བརྟག་ཐབས་ཀྱི་བོད་ཀྱི་རིག་གནས་ཤིག
Example ས་དཔྱད་བྱས་ནས་ལྷ་ཁང་བཞེངས། ས་དཔྱད་རིག་པ། ས་དཔྱད་མཁན་ལྟ་བུ།
ས་དཔྱད་ (2)
Part of speech མིང་ཚིག
Definition ས་ཆ་དེར་དབུལ་ཕྱུག་དང་དར་རྒུད་སོགས་གང་འབྱུང་གི་རྟགས་མཚན་གྱི་ས་དབྱིབས།
Example ས་དཔྱད་ལེགས་པ། ས་དཔྱད་ངན་པ་ལྟ་བུ།
ས་དཔྱད་ (3)
Part of speech མིང་ཚིག
Definition དགོན་པ་དང་ལྷ་ཁང། མཆོད་རྟེན་དང་ལབ་རྩེ། གྲོང་དང་ཁང་ཁྱིམ་སོགས་འཛུགས་བསྐྲུན་བྱ་སའི་ས་གནས་ལ། བདེ་སྡུག་དང་དབུལ་ཕྱུག དྲག་ཞན་དང་དར་རྒུད་སོགས་གང་འབྱུང་བརྟག་ཐབས་ཀྱི་དཔེ་ཆ།
ས་དཔྱད་ (4)
Part of speech མིང་ཚིག
Definition དགྲ་དམག་གི་གནས་ཚུལ་སོགས་ལ་ལྟ་དཔྱོད་བྱེད་པའི་དམག་དོན་གྱི་བྱ་བའི་མིང།
Example སོ་པ་དང་ས་དཔྱད་བྱོས་ལྟ་བུ།
Domain དམག་དོན།