90632

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་དྲུག་པའི་ཡོངས་སྦྱོང་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། བྱང་སེམས་ས་དྲུག་པ་བའི་རྒྱུད་ཀྱི་ས་དྲུག་པའི་སྐྱོན་ཟད་ཅིང་ཡོན་ཏན་རྫོགས་པའི་མཁྱེན་པ་ཞིག་ལ་ཟེར། ཡོངས་སུ་སྦྱོང་ཚུལ་ནི། པཎ་ཆེན་ཕར་ཕྱིན་རྩ་ཊཱིཀ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་སྤང་བྱ་དྲུག་སྤོང་སྟེ། ཚུལ་ཁྲིམས་དང་བསམ་གཏན་གྱི་ཕར་ཕྱིན་རྫོགས་པས་ཉན་ཐོས་དང་རང་སངས་རྒྱས་ལ་ཐོབ་པར་འདོད་པ་སྤངས་པ་དང༌། བཟོད་པའི་ཕར་ཕྱིན་རྫོགས་པས་དོན་དམ་པར་ངོ་བོ་ཉིད་མི་དམིགས་པ་ལ་སྐྲག་པ་སྤོང་བ་དང༌། སྦྱིན་པའི་ཕར་ཕྱིན་རྫོགས་པས་སློང་བ་པོའི་སྐྱེ་བོས་བསླངས་ན་ཞུམ་པ་སྤོང་བ་དང༌། སྦྱིན་པ་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་ཕར་ཕྱིན་རྫོགས་པས་བདོག་པ་ཐམས་ཅད་རང་གི་ངང་གིས་གཏོང་བར་ཞུགས་པ་ལ་མི་དགའ་བའི་སེམས་སྤོང་བ་དང༌། ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པས་རང་ཉིད་བཀྲེན་ཡང་སློང་བའི་སྐྱེ་བོ་སྤོང་བའི་སེམས་སྤོང་བའི་ཕྱིར། གཉེན་པོ་དྲུག་རྫོགས་པ་དང༌། སྤང་བྱ་དྲུག་སྤངས་པ་དེ་ལྟ་བུའི་ཡོངས་སུ་སྦྱོང་བ་བཅུ་གཉིས་ཀྱིས་སྔ་མ་བཞིན་དུ་ས་དྲུག་པ་མངོན་དུ་གྱུར་པ་ཀུན་ཤེས་པར་འགྱུར་བ་ཡིན་ཏེ། དེ་ལ་བརྟེན་ནས་ས་དྲུག་པའི་སྐྱོན་སེལ་ཞིང་ཡོན་ཏན་རྫོགས་པར་འགྱུར་བའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།
ས་དྲུག་པའི་ཡོངས་སྦྱོང་ (2)
Part of speech མིང་ཚིག
Definition ས་དྲུག་པའི་ཡོངས་སྦྱོང་གི་མཚན་ཉིད་ནི། ས་དྲུག་པའི་མཉམ་གཞག་ཏུ་ཐོབ་པའི་སྐྱོན་ཟད་ཅིང་ཡོན་ཏན་ཡོངས་སུ་སྦྱོང་བའི་ཆེད་དུ་ས་དྲུག་པའི་རྟོགས་པ་དང་མཐུན་པའི་སྒོ་ནས་རང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་ས་དྲུག་པའི་རྗེས་ཐོབ་ཀྱི་མཁྱེན་པའོ། །དབྱེ་ན། སྦྱིན་པའི་ཕར་ཕྱིན་སོགས་བཅུ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །