9064
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གཞི་ལམ་འབྲས་གསུམ་གྱི་ཁྲོ་བོའི་ཡ་གྱལ་ཏེ། ཕྱོགས་བཅུའི་མུན་སེལ་ལས། གཞི་ལ་ཡེ་ནས་དག་པའི་ཁྲོ་བོ་ནི་སེམས་ཅན་ཀུན་དང་སངས་རྒྱས་ཐམས་ཅད་ལ་ཁྲག་འཐུང་གི་དཀྱིལ་འཁོར་ལྷུན་གྲུབ་ཏུ་སྤྱི་བོར་གནས་པ་སྟེ། བནྡྷ་སྨུག་ནག་འབར་བའི་གཞལ་ཡས་ན། །མཐུ་ཆེན་བདུད་ཀྱི་རྒྱལ་པོས་མགོ་བཅད་བརྩིགས། །རྔམས་པའི་ཁྲོ་བོ་རྣམས་ཀྱིས་གཟེར་གྱིས་བཏབ། །ཅེས་དང་། ཕྲ་བཀོད་ལས། རང་རང་མགོ་ལ་ཁྲོ་སྐུར་གནས། །ཞེས་སོ། །ཞེས་གསུངས། |
| Domain | ཆོས་ལུགས། |