9065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ལ་སྦྱར་ན་དེ་སྒྲུབ་ཀྱི་འགལ་བའི་གཏན་ཚིགས་ (1)
Part of speech མིང་ཚིག
Definition སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ཅིང་། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པ་ཞིག་ལ་ཟེར་བ་ཡིན་ཏེ། དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པས་མཛད་པའི་རྟགས་རིགས་མཐའ་དཔྱོད་ལས། དང་པོ་ལ་མཚན་ཉིད། དབྱེ་བ། མཚན་གཞི། སྒྲུབ་བྱེད་ཀྱི་རིག་པ་འགོད་པ་དང་བཞི། དང་པོ་ནི། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཀྱང་ཡིན། སྒྲ་རྟག་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་ཀྱང་ཡིན་པའི་གཞི་མཐུན་པ་དེ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཀྱི་མཚན་ཉིད། གཉིས་པ་དབྱེ་བ་ནི། མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་འགལ་རྟགས་དང། མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་འགལ་རྟགས་གཉིས། ཞེས་དང་། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོའི་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། གཉིས་པ་འགལ་བའི་རྟགས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང་། ཁྱབ་པ་ཕྱིན་ཅི་ལོག་ཏུ་ཚད་མའི་ངེས་པ། ཞེས་གསུངས་པའི་ཕྱིར།
Domain ཚད་མ།