90650

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་ནོན་པའི་ལྟས་དགུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྣལ་འབྱོར་པ་དག་ས་གང་ལ་གནས་པ་དང་དེ་ཉིད་ནོན་པའི་རྟགས་སམ་ལྟས་བརྒྱད་གསུངས་ཏེ། ཀུན་འདུས་རིག་པ་ལས། ས་རྣམས་ནོན་པའི་སྔ་ལྟས་ཀྱང༌། །ཁྲི་མཐོན་སྟེང་ན་འདུག་པ་དང༌། །གླང་པོ་ཆེ་ལ་ཞོན་པ་དང༌། །སེང་གེ་དག་ལ་ཞོན་པ་དང༌། །ཁྱུང་ཆེན་ལྡིང་ལ་ཞོན་པ་དང༌། །མཆོད་རྟེན་ཁ་ལ་ཕྱིན་པ་དང༌། །རི་བོའི་རྩེ་ལ་འདུག་པ་དང༌། །ནམ་མཁའི་དབྱིངས་ན་འདུག་པ་དང༌། །ལུས་ལས་སྤྲིན་ཕུང་འབྱུང་བ་དང༌། །ཟླ་བའི་སྟེང་ན་འདུག་པ་དང༌། །ཉི་མའི་སྟེང་ན་འདུག་པ་རྣམས། །རྣལ་འབྱོར་ས་ལ་གནས་པའི་རྟགས། །ཞེས་པ་ལྟར། ཁྲི་མཐོན་པོའི་སྟེང་ལ་འདུག་པ། གླང་ཆེན་ཞོན་པ། སེང་ཆེན་ཞོན་པ། ཁྱུང་ཆེན་མཁའ་ལ་ལྡིང་བའི་འདབ་ཆགས་ཞོན་པ། མཆོད་རྟེན་གྱི་རྩེ་ལ་ཕྱིན་པ། རི་བོའི་རྩེའི་སྤོ་ལ་འདུག་པ། ནམ་མཁའི་དབྱིངས་ན་འདུག་པ། ལུས་ལས་སྤྲིན་དཔུང་འབྱུང་བ། ཉི་མ་དང་ཟླ་བའི་སྟེང་ལ་འདུག་པ་དང་དགུའོ། །འདི་དགུ་པོ་འགྱུར་དབང་མ་ངེས་པའི་ས་མ་གཏོགས་པ་གཞན་དགུ་པོ་གོ་རིམས་སུ་སྦྱར་བར་མདོ་འགྲེལ་མུན་པའི་གོ་ཆར་གསུངས་སོ། །
Domain ཆོས་ལུགས།