90655

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་པཎ་མཁས་འཇུག་ (1)
Part of speech མིང་ཚིག
Definition དཔལ་ལྡན་ས་སྐྱའི་མཁས་པ་ཆེན་པོ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་དུས་རབས་བཅུ་གསུམ་པའི་འགོར་བརྩམས་པའི་བསྟན་བཅོས་ཤིག་སྟེ། གཞུང་ཚད་ལེའུ་གསུམ་ཡོད་ཅིང་། ལེའུ་དང་པོའི་ནང་རྩོམ་པའི་རྣམ་གཞག་དང་། ལེའུ་གཉིས་པའི་ནང་འཆད་པའི་རྣམ་གཞག། ལེའུ་གསུམ་པའི་ནང་རྩོད་པའི་རྣམ་གཞག་བཅས་བསྟན་ཡོད། བསྟན་བཅོས་འདི་ནི་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ཅུང་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྟན་པའི་བོད་ཡིག་གི་བསྟན་བཅོས་ཐོག་མ་ཡིན་ཞིང་། བོད་ཀྱི་ཤེས་ཡོན་སློབ་གསོའི་ལོ་རྒྱུས་ནང་ཆོས་བརྒྱུད་རིས་མེད་ཀྱི་མཁས་པ་ཚོས་སློབ་སྦྱོང་དང་གདེང་འཇོག་ཚད་མཐོན་པོ་བྱེད་པའི་གཞུང་ལུགས་གྲགས་ཅན་ཞིག་གོ །