From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ས་བཅུ་ (1)
| Part of speech
|
མིང་ཚིག
|
| Definition
|
བྱང་ཆུབ་སེམས་དཔའི་ས་བཅུ་སྟེ། དང་པོ་རབ་ཏུ་དགའ་བ་དང༌། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བ། དྲུག་པ་མངོན་དུ་གྱུར་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་རྣམས་སོ། །
|
| Domain
|
ཆོས་ལུགས།
|
ས་བཅུ་ (2)
| Part of speech
|
མིང་ཚིག
|
| Definition
|
ཨ་ནུ་ཡོ་གའི་ཐུན་མིན་གྱི་བཤད་སྲོལ་ལྟར་ཚོགས་ལམ་སྐབས་ཀྱི་ས་བཅུ་སྟེ། དང་པོ་འགྱུར་བ་མ་ངེས་པའི་ས། གཉིས་པ་བརྟེན་པ་གཞིའི་ས། གསུམ་པ་གལ་ཆེན་སྦྱོང་བའི་ས། བཞི་པ་བསླབ་པ་རྒྱུན་གྱི་ས། ལྔ་པ་བསོད་ནམས་རྟེན་གྱི་ས། དྲུག་པ་བརྟན་པ་ཁྱད་པར་དུ་འགྲོ་བའི་ས། བདུན་པ་དམིགས་འབྲས་སྐྱེ་བའི་ས། བརྒྱད་པ་གནས་པ་མི་འགྱུར་བའི་ས། དགུ་པ་གདལ་བ་ཆོས་ཉིད་ཀྱི་ས། བཅུ་པ་རྫོགས་པ་སྤྱི་ཆིབས་ཀྱི་ས་སྟེ་བཅུའོ། །
|