90677

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅུ་གཅིག་ (1)
Part of speech མིང་ཚིག
Definition མདོ། མངོན་པ། འདོད་པའི་ས་དང་། བསམ་གཏན་དང་པོ་ལ་ཉེར་བསྡོགས་དང་དངོས་གཞི་ཙམ་པོ་བ་དང་དངོས་གཞི་ཁྱད་པར་ཅན་ཏེ་གསུམ། བསམ་གཏན་གཉིས་པ། གསུམ་པ། བཞི་པ། གཟུགས་མེད་དངོས་གཞི་བཞིའི་ས་སྟེ་བསྡོམས་པས་ས་བཅུ་གཅིག་གོ།
Domain ཆོས་ལུགས།
ས་བཅུ་གཅིག་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་གསུངས་པའི་ཐུན་མིན་གསང་སྔགས་ཀྱི་ས་བཅུ་སྟེ། འགྱུར་དབང་མ་ངེས་པའི་ས་དང་། བརྟེན་པ་གཞིའི་ས་བཅས་ཚོགས་ལམ་གྱིས་བསྡུས་པའི་ས་གཉིས་དང་། གལ་ཆེན་སྦྱོང་བའི་ས་དང། མི་ལྡོག་གནས་པའི་ས་དང། བསླབ་པ་རྒྱུན་གྱི་ས་དང། ཆོ་འཕྲུལ་སྤྲུལ་པའི་ས་བཅས་སྦྱོར་ལམ་གྱིས་བསྡུས་པའི་ས་བཞི་དང། རྟེན་པས་ཁྱད་པར་དུ་འགྲོ་བའི་ས་སྟེ། མཐོང་ལམ་གྱིས་བསྡུས་པའི་ས་གཅིག་དང་། དམིགས་པས་འབྲས་བུ་སྐྱེ་བའི་ས་སྟེ། སྒོམ་ལམ་གྱིས་བསྡུས་པའི་ས་གཅིག་དང་། གནས་པས་མི་འགྱུར་བའི་ས་དང། གདལ་བ་ཆོས་ཉིད་ཀྱི་ས་དང། རྫོགས་པ་སྤྱིར་ཆིབས་ས་བཅས་མཐར་ལམ་གྱིས་བསྡུས་པའི་ས་གསུམ་སྟེ། བཅུ་གཅིག་གོ ། འདི་དག་ལ་ས་ཞེས་པའི་རྒྱུ་མཚན་ཡང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། འདི་དག་ལ་གནས་པ་དང་འདི་དག་གིས་འཛིན་པ་དང་འདི་དག་གི་དོན་ལ་སྤྱོད་པའི་ཕྱིར་ས་གཞི་དང་འདྲ་བས་ན་ས་ཞེས་བྱ་སྟེ། ཞེས་གསུངས་སོ། །