90686
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ས་བཅུ་གསུམ་ནི། དཔལ་གསང་བ་སྙིང་པོ་ལས། ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །ཞེས་གསུངས་ཏེ། ས་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་སྟེང་། བཅུ་གཉིས་པ་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་བསྣན་པས་བཅུ་གསུམ་མོ། །ཡང་ན་བཅུ་གཅིག་པ་དཔེ་མེད་པ། བཅུ་གཉིས་པ་ཡེ་ཤེས་ལྡན། བཅུ་གསུམ་པ་རྡོ་རྗེ་འཛིན་པ་དང་བཅུ་གསུམ་མོ། ། |
| Domain | [ཆོས་ལུགས།, ལྟ་གྲུབ།] |