90690
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ས་བཅུ་དྲུག་ནི། མཐོང་ལམ་ནས་རྒྱུན་མཐའི་བར་ས་བཅུ་དང་། དེའི་སྟེང། འབྲས་བུའི་ས་བཅུ་གཅིག་པ་ཀུན་ཏུ་འོད་དང་། བཅུ་གཉིས་པ་མ་ཆགས་པདྨ་ཅན་གྱི་ས་དང་། བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་དང་། ས་བཅུ་བཞི་པ་བདེ་བ་ཆེན་པོའི་ས། བཅོ་ལྔ་པ་ཏིང་ངེ་འཛིན་གྱི་ས། བཅུ་དྲུག་པ་ཡེ་ཤེས་བླ་མའི་ས་བཅས་བཅུ་དྲུག་གོ ། |
| Domain | ཆོས་ལུགས། |