90694

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅུ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པའི་རྣམ་པ་མི་འཕྲོག་པའི་དཔེར་དྲངས་པ་རྒྱ་མཚོ་ཆེན་པོ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་པ་ལས་བྱུང་བ་སྟེ། ༡ རིམ་གྱིས་གཞོལ་བ་ནི། བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་སྨོན་ལམ་ཆེན་པོ་རིམ་གྱིས་མངོན་པར་བསྒྲུབ་པས་གཞོལ་བ། ༢ ཤི་བའི་རོ་དང་མི་འགྲོགས་པ་ནི། བྱང་ཆུབ་སེམས་དཔའི་ས་དྲི་མ་དང་བྲལ་བ་ལ་ཚུལ་ཁྲིམས་ངན་པའི་རོ་དང་མི་འགྲོགས་པ། ༣ ཆུ་གཞན་གྱི་གྲངས་ཡོངས་སུ་སྤངས་པ་ནི། བྱང་ཆུབ་སེམས་དཔའི་ས་འོད་བྱེད་པ་ལ་འཇིག་རྟེན་པ་རྣམ་པར་གདགས་པའི་གྲངས་ཡོངས་སུ་སྤངས་པ། ༤ རོ་གཅིག་པ་ནི། བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་ལ་སངས་རྒྱས་ལ་མོས་པ་མི་ཕྱེད་པའི་རོ་གཅིག་པ། ༥ རིན་པོ་ཆེ་མང་བ་ནི། བྱང་ཆུབ་སེམས་དཔའི་ས་ཤིན་ཏུ་རྒྱལ་བར་དཀའ་བ་ལ་ཐབས་དང་། མངོན་པར་ཤེས་པ་ཚད་མེད་པས་འཇིག་རྟེན་གྱི་བྱ་བ་མངོན་པར་བསྒྲུབ་པའི་རིན་པོ་ཆེ་མང་བ། ༦ ཟབ་ཅིང་གཏིང་རིང་བ་ནི། བྱང་ཆུབ་སེམས་དཔའི་ས་མངོན་སུམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རབ་ཏུ་བརྟག་པས་ཤིན་ཏུ་ཟབ་པ། ༧ ཡངས་ཤིང་ཚད་མེད་པ་ནི། བྱང་ཆུབ་སེམས་དཔའི་ས་རིང་དུ་སོང་བ་ལ་བློ་དང་། རྣམ་པར་འབྱེད་པ་དང་། མཁས་པ་ཡངས་ཤིང་ཚད་མེད་པ། ༨ འབྱུང་པོ་མང་པོའི་གནས་སུ་གྱུར་པ་ནི། བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་ལ་རྒྱན་ཆེན་པོ་མངོན་པར་བསྒྲུབ་པ་ཡང་དག་པར་བསྟན་པའི་འབྱུང་པོ་མང་པོ་གནས་པ། ༩ དབྲེས་ཀྱི་ཚུལ་ལས་མི་འདའ་བ་ནི། བྱང་ཆུབ་སེམས་དཔའི་ལེགས་པའི་བློ་གྲོས་ལ་རྣམ་པར་ཐར་པ་ཟབ་མོ་དང་། འགྲོ་བ་ཐམས་ཅད་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པའི་ཚུལ་གྱིས་དབྲེས་ལས་མི་འདའ་བ། ༡༠ སྤྲིན་ཆེན་པོའི་ཆར་ཐམས་ཅད་ཡོངས་སུ་འཛིན་པས་མི་ངོམས་པ་ནི། བྱང་ཆུབ་སེམས་དཔའི་ས་ཆོས་ཀྱི་སྤྲིན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་སྣང་བའི་སྤྲིན་ཆེན་པོའི་ཆར་ཡང་དག་པར་བཟུང་བས་མི་ངོམས་པའོ། །
Domain ཆོས་ལུགས།