90695

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅུ་པའི་མཚན་ཉིད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ས་བཅུ་པའི་རང་བཞིན་ནམ་ངོ་བོ་ཇི་ལྟ་བ་བཞིན་དུ་མཚོན་པར་བྱེད་པ་ལ་ས་བཅུ་པའི་མཚན་ཉིད་ཅེས་བརྗོད། དེའི་ཚུལ་ནི་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། འོ་ན་ས་དང་པོ་དགུ་ཡོངས་སྦྱོངས་ཀྱི་སྒོ་ནས་བཤད་ནས་བཅུ་པ་དེའི་སྒོ་ནས་མ་བཤད་པར་མཚན་ཉིད་ཀྱི་སྒོ་ནས་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ས་བཅུ་པ་དེ་མཚན་ཉིད་ཀྱི་སྒོ་ནས་བསྟན་པས་དེ་ཉིད་རྫོགས་པར་རྟོགས་ནུས་པ་དང། དགོས་པ་གཞན་ཡང་ཡོད་པའི་ཕྱིར། ཕྱི་མ་གྲུབ་སྟེ། ས་བཅུ་པ་དེ་ལ་འདའ་བྱ་ས་དགུའི་ཡོན་ཏན་རྣམས་ཡར་འཕེལ་གྱི་ཚུལ་དུ་ལྡན་པ་དང། ས་བཅུ་པའི་གོང་ན་བྱང་ཆུབ་སེམས་དཔའི་ས་གཞན་མེད་པར་རྟོགས་པའི་དགོས་པ་ཡོད་པའི་ཕྱིར། འདའ་བྱ་ས་དགུ་ཡང་ཡོད་དེ། དམན་པ་ས་བརྒྱད་དང། བྱང་ཆུབ་སེམས་དཔའི་ས་དགུ་ལ་ཐེག་ཆེན་གྱི་ས་ཞེས་གཅིག་ཏུ་བྱས་པ་རྣམས་ཡིན་པའི་ཕྱིར། ཞེས་གསུངས་པ་དང་། ཕར་ཕྱིན་རྩ་ཊིཀ་ལས། དང་པོ་ནི། རྒྱུའི་ས་དགུ་པོ་རྣམས་ཀྱི་ཡོངས་སུ་སྦྱོང་བ་དེ་ལྟར་ངེས་པར་བསྟན་ནས། འབྲས་བུའི་ས་བཅུ་པ་ཉིད་དུ་ཡོངས་སྦྱོང་དེ་དག་མ་བཤད་པར་ས་བཅུ་པའི་མཚན་ཉིད་འཆད་པའི་རྒྱུ་མཚན་ཡོད་དེ། ས་འོག་མ་ཐམས་ཅད་ཀྱི་སྤངས་རྟོགས་ཀྱི་རིགས་ཡོངས་སུ་རྫོགས་པ་དང་ལྡན་པར་བསྡུ་བའི་སྒོ་ནས་ཡིན་པའི་ཕྱིར། ཞེས་གསུངས་སོ། །
Domain ཆོས་ལུགས།