9070

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་ལམ་འབྲས་གསུམ་ (1)
Part of speech མིང་ཚིག
Definition མདོ། གཞི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་བདེན་པ་གཉིས། ལམ་ཐབས་ཤེས་གཉིས། འབྲས་བུ་སངས་གྱི་སས་བསྡུས་པའི་ཡོན་ཏན་རྣམས་ཡིན་པའོ། །
Domain ཆོས་ལུགས།
གཞི་ལམ་འབྲས་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དབུ་མ་པ། གཞི་བདེ་གཤེགས་སྙིང་པོ་དང་ལམ་ཚོགས་གཉིས་འཁོར་དང་བཅས་པ་དང་། འབྲས་བུ་ནི་བྲལ་འབྲས་ཆོས་སྐུ་དང་བསྐྱེད་འབྲས་གཟུགས་སྐུ་བཅས་ཡིན་ཏེ། ཀུན་མཁྱེན་དོལ་བོ་སངས་རྒྱས་ཀྱི་ཤགས་འབྱེད་བསྡུས་པ་ལས། གཞི་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་སུ་གྱུར་པ་བདེ་གཤེགས་སྙིང་པོ་ཀུན་གཞི་ཡེ་ཤེས་ཏེ། སྐྱོན་མེད་ཆ་རྣམས་སྦྱང་བའི་གཞི་དང་། ཡོན་ཏན་གྱི་ཆ་རྣམས་མངོན་དུ་འགྱུར་བའི་གཞིའོ། །ལམ་ནི་གཞི་དེ་ལ་སྐྱོན་གྱི་ཆ་རྣམས་ཟད་པར་བྱེད་ཅིང་། ཡོན་ཏན་གྱི་ཆ་རྣམས་མངོན་དུ་གྱུར་པའི་ཐབས་སུ་གྱུར་པ་ཚོགས་གཉིས་འཁོར་དང་བཅས་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུའི་ཡོན་ཏན་གདོད་ནས་ལྷུན་གྲུབ་ཏུ་རྟག་པར་གནས་པའི་སྒྲིབ་གཡོགས་སེལ་བར་བྱེད་ཅིང། བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུའི་ཡོན་ཏན་སྔོོན་མེད་རིམ་གྱིས་བསྐྱེད་པར་བྱེད་པའོ། །འབྲས་བུ་ནི། བྲལ་འབྲས་ཆོས་སྐུ་དོན་དམ་དེ་ཁོ་ན་ཉིད་ཀྱི་སྐུ་དང་། བསྐྱེད་འབྲས་གཟུགས་སྐུ་ཀུན་རྫོབ་བརྡའི་སྐུ་སྟེ། རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་གནས་སོ། །དེ་ལྟར་ཆོས་སྐུ་དྲི་མ་དང་བྲལ་བའི་གཞི་ནི། རང་བཞིན་གྱི་རིགས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་རྣམ་པ་མེད་པ་སྟེ། གཏེར་ཆེན་པོ་སྔ་ནས་ཡོད་པ་ལྟ་བུའོ། །གཟུགས་སྐུ་བསྐྱེད་པའི་ས་བོན་རྒྱས་པའི་རིགས་དགེ་བའི་རྩ་བ་གསར་དུ་བསྐྱེད་པ་ནི་འབྲས་བུ་བཟང་པོ་ཅན་གྱི་ལྗོན་ཤིང་སྔོན་མེད་རིམ་གྱིས་བསྐྱེད་པ་ལྟ་བུ་སྟེ། དེ་ཡང་རང་བཞིན་གྱི་རིགས་ལ་བརྟེན་ཏོ། །ཞེས་བྱུང་། །