90702
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བྱུང་བ་སྟེ། ས་དང་པོ་ནི་བསམ་པ་རྣམ་པར་དག་པས་བསྡུས་སོ། །ས་གཉིས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་རྣམ་པར་དག་པས་བསྡུས་སོ། །ས་གསུམ་པ་ནི་ལྷག་པའི་སེམས་རྣམ་པར་དག་པས་བསྡུས་སོ། །ས་བཞི་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་སའི་བར་ནི་ལྷག་པའི་ཤེས་རབ་རྣམ་པར་དག་པ་གོང་ནས་གོང་དུ་གྱ་ནོམ་པ་བས་ཀྱང་ཆེས་གྱ་ནོམ་པས་བསྡུས་པར་རིག་པར་བྱ་སྟེ། ས་དེ་དག་གི་རྣམ་པར་དག་པ་བཞི་པོ་དག་གིས་བསྡུས་པ་ཡིན་ནོ། ། |
| Domain | ཆོས་ལུགས། |