90720

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བཅུའི་རྟོགས་པའི་རིམ་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་བཅུ་རྣམས་སུ་རང་བཞིན་རྣམ་དག་གི་ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་དེ། ཆོས་དབྱིངས་ཆ་ཤས་མེད་པ་ལ་མཐོང་མ་མཐོང་ཆ་གཉིས་མི་རུང་བས་སོ། །འོ་ན་ས་དང་པོ་ནས་ངོ་བོ་ཉིད་ཀྱི་སྐུ་ཡང་མཐོང་བར་འགྱུར་ཞེ་ན། མ་ཡིན་ཏེ། དེ་ནི་རང་བཞིན་རྣམ་དག་གི་ཆོས་ཉིད་ལ་འདོད་པ་མ་ཡིན་གྱི། གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་བའི་སྤངས་པས་རབ་ཏུ་ཕྱེ་བས་སོ། །ཞེས་དང། ལམ་སྔ་མས་མ་སྤངས་པ་ཕྱི་མས་སྤོང་ནུས་པའི་བྱེ་བྲག་མེད་པར་འགྱུར་ཏེ། ཆོས་ཉིད་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། མཐོང་པ་ལ་བྱེ་བྲག་མེད་ཀྱང་ཆོས་ཅན་སོ་སོ་དང་འབྲེལ་བའི་ཆོས་ཉིད་ལ་ངེས་པ་འདྲེན་ཚུལ་གྱིས་རྗེས་ཐོབ་ཏུ་ཆོས་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པ་སོགས་ཀྱི་སྒོ་ནས་སྒྲོ་འདོགས་མི་འདྲ་བ་གཅོད་པའི་རིམ་པས་ཁྱད་པར་ཕྱེ་སྟེ། དཔེར་ན་བུམ་པ་དང་དེའི་སྐད་ཅིག་མ་མཐོང་བར་ཁྱད་པར་མེད་ཀྱང་། བུམ་མིན་དུ་འཛིན་པ་སེལ་གྱི་རྟག་འཛིན་སེལ་མི་ནུས་པ་བཞིན་ནོ། །ཞེས་དང། དྲི་བྲལ་གྱི་ཆོས་སྐུ་མཐོང་བ་ལའང་བྱེ་བྲག་ཡོད་དེ། ས་ཐམས་ཅད་ཀྱི་གནས་སྐབས་རྣམས་སུ་སྒྲིབ་པ་རེ་རེ་དང་བྲལ་བའི་སྤངས་པ་གསར་མཐོང་རེ་ཡོད་པའི་ཕྱིར་དང་། སྒྲིབ་པ་མ་ལུས་པ་དང་བྲལ་བའི་ཆོས་སྐུ་ནི་སངས་རྒྱས་ལས་གཞན་གྱིས་མཐོང་བ་མེད་པའི་ཕྱིར་རོ། །མདོ་ལས། སྤྲིན་མཐོངས་མཁའ་ལ་ཉི་བཞིན་འདིས་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །ཞེས་སོགས་གསུངས་པ་བཞིན་ནོ། །ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། །
Domain ཆོས་ལུགས།