90733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བདག་གི་རྫོང་ལུགས་ (1)
Part of speech མིང་ཚིག
Definition བརྩི་བྱ་དག་གི་རང་ལོའི་དབང་ཐང་གི་དགྲ་དབང་ཐང་ཡིན་པའི་སྲོག་གི་དུར་ལོ་གཤེད་དུར་ཆེ་བ་དང་། སྲོག་གི་དུར་ལོ་དེའི་བདུན་ཟུར་གྱི་དུར་ལོ་དེར་རང་ལོའི་དབང་ཐང་གི་དགྲ་དབང་ཐང་དུ་སྦྱར་བ་གཤེད་དུར་ཆུང་བ་ཡིན། གཤེད་དུར་ཆེ་བ་ནི་སྲོག་གི་དུར་ལོ་དངོས་ཡིན་པ་གང་ཞིག་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲ་ཡིན་པས་གཤེད་དུར་ཆེ་བ་ཞེས་དང་། གཤེད་དུར་ཆུང་བ་ནི་སྲོག་གི་དུར་ལོ་དངོས་མིན་ཡང་དེའི་བདུན་ཟུར་གྱི་དུར་ལ་ཡིན་པ་གང་ཞིག་དབང་ཁམས་རང་ལོའི་དབང་ཁམས་ཀྱི་དགྲ་ཡིན་པས་གཤེད་དུར་ཆུང་བ་ཞེས་བཏགས་པར་འདོད། ཡང་དག་སྐོར་འགོ་ཉི་ཤུ་ལས་བརྩི་བྱ་སོ་སོའི་བྱེ་བྲག་གི་སྐོར་འགོ་གང་ཡིན་ནས་བཟུང་སྟེ་ལོ་དེར་དུ་ལ་སོན་པའི་ལོ་གྲངས་ཀྱིས་གཡོན་བསྐོར་ལ་བགྲངས་ན། གཤེད་དུར་ཆེ་ཆུང་གང་གི་སྟེང་དུ་སྡོད་དུས་དེར་དེ་རུ་ཚུད་ཅེས་ཟེར་ཞིང་། དེ་ནི་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་བརྩི་བྱ་དག་རང་ལོ་ཉེ་ལྔ་དང་ལྔས་ལྷག་པའི་བརྒྱ་ལ་སོན་དུས་དེར་གཤེད་དུར་ཆེ་བ་དང་། རང་ལོ་བཅོ་ལྔ་དང་དོན་ལྔ་ལ་སོན་དུས་དེར་གཤེད་དུར་ཆུང་བ་བཅས་ལ་ཚུད་དུས་ཡིན། གལ་སྲིད་བརྩི་བྱའི་ལོ་ཁམས་མེ་སྦྲུལ་ཡིན་པར་ཆ་བཞག་ན། རང་ལོ་སྦྲུལ་གྱི་སྲོག་ཁམས་མེ་ཡི་དུར་ལོ་ཁྱི་ཡིན་པས། དེར་རང་ལོའི་དབང་ཁམས་མེ་དགྲ་ཆུའི་དབང་ཐང་སྦྱར་བ་ཆུ་ཁྱི་གཤེད་དུར་ཆེ་བ་དང་། སྲོག་དུར་ཁྱིའི་བདུན་ཟུར་གྱི་དུར་ལོ་འབྲུག་ཡིན་པས། དེར་རང་ལོའི་དབང་ཁམས་མེ་དགྲ་ཆུའི་དབང་ཐང་སྦྱར་བ་ཆུ་འབྲུག་གཤེད་དུར་ཆུང་བ་ཡིན་པ་ལྟ་བུ་ཡིན། ཡང་དག་སྐོར་འགོ་ཉི་ཤུ་ལས་བརྩི་བྱ་དེ་ཉིད་ཀྱི་བྱེ་བྲག་གི་སྐོར་འགོ་ནི་མེ་རྟ་ཡིན་པས། མེ་རྟ་ནས་གཡོན་ཕྱོགས་སུ་སྐོར་བྱེད་ལོ་གྲངས་ཀྱིས་བགྲངས་ན་རང་ལོ་བཅོ་ལྔ་དང་དོན་ལྔར་སོན་དུས་དེར་གཤེད་དུར་ཆུང་བ་ཆུ་འབྲུག་དང་། རང་ལོ་ཞེ་ལྔ་དང་ལྔས་ལྷག་པའི་བརྒྱ་ལ་སོན་དུས་དེར་གཤེད་དུར་ཆེ་བ་ཆུ་ཁྱིའི་སྟེང་དུ་འབབ་པ་ལྟ་བུ་ཡིན།
Domain རྩིས་རིག
ས་བདག་གི་རྫོང་ལུགས་ (2)
Part of speech མིང་ཚིག
Definition འབྱུང་རྩིས་ཟླ་ཟེར་དུ་བག་མ་ལམ་འཇུག་གི་རྩིས་ཀྱི་སྐབས་སུ་བསྟན་པའི་རྫོང་ལུགས་བཅུའི་ནང་གསེས་ཤིག་སྟེ། དེ་ནི་བག་མ་གཏོང་ལེན་བྱ་དུས་ཉི་ནག་དང་། དབུལ་ཉི། ཀི་ཀང་། པི་ལིང་། ཟིན་ཕུང་སོགས་ཚེས་ལ་འཆར་བའི་ས་བདག་གདུག་ཅིང་རྩུབ་པའི་རིགས་ལ་བྱོལ་ནས་རྫོངས་དགོས་པ་ཡིན།
Domain རྩིས་རིག