90737

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ས་བདག་ལྟོ་འཕྱེ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། ས་བདག་མི་མ་ཡིན་གྱི་རིགས་ཤིག་སྟེ། ཕྱོགས་བཅུའི་མུན་སེལ་དུ་དཀྱིལ་འཁོར་གྱི་ས་སྦྱོང་སྐབས། ས་བདག་ལྟོ་འཕྱེའི་ཕྱོགས་ནས་བསླང་བར་བྱ་སྟེ། བམ་བརྒྱད་ཀྱི་འགྲེལ་པ་ལས། ལྟོ་འཕྱེ་གནས་པའི་མཚན་ཉིད་ནི། །སྟོན་ཟླ་གསུམ་པའི་ཟླ་བ་ལ། །ཉི་མ་འགྲོ་བའི་རིམ་པ་ཡིས། །མགོ་ཤར་ཁ་ལྷོ་གཡོན་གྱིས་ཉལ། །དགུན་ཟླ་གསུམ་གྱི་ཟླ་བ་ལ། །ནུབ་ཏུ་ཁ་བལྟས་མགོ་བོ་ལྷོ། །དཔྱིད་ཟླ་གསུམ་གྱི་ཟླ་བ་ལ། །བྱང་དུ་ཁ་བལྟས་ནུབ་ཏུ་མགོ ། དབྱར་ཟླ་གསུམ་གྱི་ཟླ་བ་ལ། །ཤར་དུ་ཁ་བལྟས་བྱང་དུ་མགོ ། ་ས་བདག་ལྟོ་འཕྱེ་དེ་ལྟར་གནས། །སྐྱེས་བུ་ཆེན་པོ་ལྟོ་འཕྱེ་བརྐོ། །ཞེས་པ་ལྟར་བསླང་ངོ་། །ཞེས་གསུངས་སོ། །
Domain ཆོས་ལུགས།